འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མི་འབོར་དབུལ་པོ་ཁྲི་39.7གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་གྱི་སྔ་དྲོར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་སྨན་བཅོས་འགན་བཅོལ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དབུལ་པོ་ཁྲི་39.7གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུཌ་ཡོད་པ་དང་། སྔོན་རྩིས་ལྟར་ན། མི་ཐེངས་ཁྲི་8ལ་སྨན་ཁང་དུ་བསྡད་ནས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་སྒོར་དུང་ཕྱུར་3ལོངས་སྤྱོད་ཐུབ་པ་དང་མི་ཐེངས་2600ལ་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་སྒོར་ཁྲི་1800ལོངས་སྤྱོད་ཐུབ་ཡོད་པ་རེད།
           ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་བཅོལ་སྲིད་ཇུས་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་ཐོག་མར་སྤྲོད་དགོས་པའི་ཚད་གཞི་དེ་མི་རེར་སྒོར་5000ནས་ད་ཆ་མི་རེར་སྒོར་3000བར་དམའ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་དངུལ་གྲབས་གསོག་གི་ཚད་གཞི་སྒོར་610ནས་སྒོར་680བར་མཐོ་རུ་བཏང་བ། དེའི་ནང་ནོར་སྲིད་ཁ་གསབ་སྒོར་486ནས་སྒོར་526བར་མཐོ་རུ་བཏང་བ། མི་སྒེར་གྱིས་གྲོན་དངུལ་སྤྲོད་རྒྱུ་དེ་སྒོར་124ནས་སྒོར་154བར་མཐོ་རུ་བཏང་བ། མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་དག་དམངས་སྲིད་ཀྱིས་ཆ་ཚང་སྤྲད་ནས་རོགས་སྐྱོར་བྱེད་ཀྱི་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་བཏང་བ་དང་། དེ་སྔའི་མི་རེའི་ཆ་སྙོམས་སྒོར་50ནས་སྒོར་60བར་མཐོ་རུ་བཏང་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མི་སྤྱི་ཐིང་དང་ཞིང་ཆེན་དབུལ་སྐྱོར་ཅུས་ཀྱིས་མི་འབོར་དབུལ་པོ་སྨན་བཅོས་འགན་བཅོལ་ནང་མ་ཞུགས་པའི་གནས་ཚུལ་ཐད་འབྲེལ་གཏུག་བྱས་ནས་གྲོང་ཁྱེར་དང་ཀྲོའུ་ཁག་ནས་མི་འབོར་དབུལ་པོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་དང་སྒོ་བསྟེན་དམིགས་བསལ་ནད་དང་གཅོང་ནད་ཀྱི་སྨན་རིན་གཏོང་སྤྲོད་གནས་ཚུལ་ཤེས་རྟོགས་བྱས་ཡོད་པ་རེད། མི་འབོར་དབུལ་པོར་འགན་ལེན་བྱེད་དགོས་རིགས་འགན་ལེན་ཐུབ་པ་བྱ་ཆེད། མི་སྤྱི་ཐིང་གིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་དང་ཞིང་ཆེན་དམངས་སྲིད་ཐིང་དང་མཉམ་དུ་《ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་དབུལ་སྐྱོར་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ་》བཀྲམ་ནས་གྲོང་ཁྱེར་དང་ཀྲོའུ་ཁག་གིས་2017ལོ་འཁོར་གྱི་མི་འབོར་དབུལ་པོའི་མིང་ཐོ་དོན་འཁྱོལ་བྱེད་རྒྱུར་མཛུབ་ཁྲིད་བྱས་ནས་མི་འབོར་དབུལ་པོ་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་ལ་ཞིབ་བསྡུར་བྱས་ཡོད་པ་རེད། ཚོགས་འདུ་འཚོག་པ་དང་། སྦྱར་ཡིག་སྦྱོར་བ། དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་པ་དང་བརྙན་འཕྲིན་དང་། རླུང་འཕྲིན། དྲ་རྒྱ དྲིལ་བསྒྲགས་སྒྲོམ་སྟེགས་སོགས་སྤྱད་དེ་མང་ཚོགས་དབུལ་པོས་སྲིད་ཇུས་ཤེས་རྟོགས་དང་སྨན་བཅོས་འགན་བཅོལ་ནང་རང་འགུལ་ངང་ཞུགས་རྒྱུ་དྲིལ་བསྒྲགས་རྒྱ་ཁྱབ་དང་ཁྲིད་སྟོན་ཧུར་ཐག་བྱས་ཡོད། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལྗང་མདོག་བགྲོད་ལམ་དང་སྨན་བཅོས་འགན་བཅོལ་གྱི་སྨན་རིན་གཏོང་སྤྲོད་ཀྱི་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ནས་དུས་ཚོད་དང་ས་ཁོངས་ཀྱི་ཚོད་འཛིན་མེད་པར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་གང་རུང་དུ་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།