འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁེ་ལས་ཀྱི་སྤུས་ཚད་ཕན་འབྲས་ཅན་དུ་བསྒྱུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.2ལྷག་ཙམ་ཟིན་ནས་དུས་མཚུངས་ལས་18.1%འཕར་བ་དང་འཕར་ཚད་ཉེ་བའི་ལོ་5རིང་གི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་བཏོད་པར་ལས་གཉེར་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་3གྱིས་མཐོ་བ་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་གཞི་ཁྱོན་མྱུར་ཚད་ཅན་ནས་སྤུས་ཚད་ཕན་འབྲས་ཅན་དུ་བསྒྱུར་བཞིན་ཡོད་པ་དང་བརྟན་པོའི་ཁྲོད་སྤུས་ཚད་མཐོ་རུ་དང་ལེགས་པའི་ཕྱོགས་སུ་འགྲོ་བའི་འཕེལ་ཕྱོགས་བཟང་པོ་མངོན་བཞིན་ཡོད།
         བརྟན་པོ་ཡིན་པའི་རྨང་གཞི་སྔར་བས་བརྟན་དུ་སོང་བ། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་གཉེར་སྐྱོང་དམིགས་ཚད་གཙོ་བོ་བརྟན་པོའི་ངང་འཕར་ནས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་21.2ཟིན་ཏེ་དུས་མཚུངས་ལས་15%འཕར་ཡོད། དངོས་ཚན་ཁེ་ལས་དར་རྒྱས་གོང་འཕེལ་གྱི་འཕེལ་ཕྱོགས་ཡག་པོ་ཡོད་པ་རེད།
         སྤུས་ཚད་མཐོ་རུ་འགྲོ་ཚད་སྔར་བས་མངོན་གསལ་དོད་དུ་སོང་ཡོད། མ་གནས་དོ་དམ་ཚོད་འཛིན་ཐད་ཕན་འབྲས་སྔར་བས་ཆེ་བ་ཐོན་པ་སྟེ། དོ་དམ་ཞིབ་ཚགས་ལ་བརྟེན་ནས་མ་གནས་ཉུང་གཏོང་དང་། ལས་རིམ་བསྐྱར་བཟོར་དོ་དམ་བྱས་ཏེ་མ་གནས་ཉུང་གཏོང་། ལག་རྩལ་གསར་གཏོད་ལ་བརྟེན་ནས་མ་གནས་ཉུང་གཏོང་སོགས་བྱས་པས་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་སྒོར་བརྒྱ་བཏང་བའི་མ་གནས་འགྲོ་གྲོན་རྒྱུན་མཐུད་ངང་ཆག་པ་དང་ཡོང་འབབ་འཕར་ཚད་དེ་མ་གནས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.3མཐོ་བ་ཡོད། རྡོ་སོལ་དང་། ངར་ལྕགས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལས་རིགས་ཐད་ཀྲུང་དབྱང་ཁེ་ལས་ཀྱི་མ་གནས་འགྲོ་གྲོན་གྱིས་ཡོང་འབབ་ནང་བཟུང་བའི་བསྡུར་གྲངས་ཆག་ཚད་བརྒྱ་ཆའི་གྲངས་2ལྷག་ཙམ་ཟིན་ཡོད།
         ལེགས་སུ་འགྲོ་བའི་འཕེལ་ཕྱོགས་མགྱོགས་མྱུར་གྲུབ་ཡོད། ཁེ་སྤོགས་ཡོང་ཁུངས་ཕྱོགས་རྐྱང་པ་སྣ་མང་ལ་གྱུར་བ་དང་གྲུབ་ཆ་སྔར་བས་ལུགས་མཐུན་དུ་འགྱུར་ཡོད། ཟླ་བ་དང་པོ་ནས་བཅུ་པའི་བར་ཀྲུང་དབྱང་ཁེ་ལས་98ཀྱི་ཁྲོད་ཁེ་ལས་56གི་ཕན་འབྲས་འཕར་ཚད་10%ལྷག་ཙམ་ཟིན་པ་དང་ཁེ་ལས་34ཡི་ཕན་འབྲས་འཕར་ཚད་20%ལྷག་ཙམ་ཟིན་ཡོད། ཁེ་སྤོགས་དེ་རྡོ་སྣུམ་དང་། རྡོ་སོལ། གློག་ཤུགས་སོགས་སྲོལ་རྒྱུན་ལས་རིགས་ཁེ་ལས་ཉུང་ཤས་ཤིག་ལ་གཅིག་སྡུད་བྱས་མེད་པར་བཟོ་སྐྲུན་ལས་རིགས་འདི་ཉིད་ཁེ་སྤོགས་ཀྱི་ཡོང་ཁུངས་གཙོ་བོར་འགྱུར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།