འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱིས་ལོ་མཇུག་ཏུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ལྗང་
    མདོག་ཨང་རྟགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའི་ལས་ཀའི་བླང་བྱ་གཞིར་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཟླ་12པའི་ཟླ་མཇུག་ཏུ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་(ལྗང་མདོག་ཨང་རྟགས)ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་འཕྲུལ་སྒུལ་རླངས་འཁོར་གྱི་དོ་དམ་ཆ་འཕྲིན་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཐོག ནུས་རྒྱུ་དང་ཁོར་ཡུག་གི་གནོན་ཤུགས་ཆུང་དུ་གཏོང་བ་དང་རླངས་འཁོར་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་རེད།
          ལྗང་མདོག་ཨང་རྟགས་ནི་ནུས་རྒྱུ་གསར་པའི་རླངས་འཁོར་ཁོ་ནར་བསྒར་ཆོག་པའི་ཨང་རྟགས་ཤིག་ཡིན་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ནི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སྒུལ་བྱེད་འཕྲུལ་འཁོར་ཕུད་པའི་ནུས་རྒྱུའི་རླངས་འཁོར་ཚང་མར་ཟེར་བ་དང་དེའི་སྙིགས་རོ་འབུད་ཚད་ཅུང་དམའ་པོ་ཡིན་པ་རེད། རྒྱལ་ནང་ནས་བཟོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུས་《འཕྲུལ་སྒུལ་རླངས་འཁོར་ཐོན་སྐྱེད་ཁེ་ལས་དང་དེའི་ཐོན་རྫས་སྤྱི་བསྒྲགས་》དང་《འཕྲུལ་སྒུལ་རླངས་འཁོར་ཧྲིལ་པོ་བཟོ་གྲྭ་ནས་ཐོན་པའི་ཚད་ལོན་ལག་ཁྱེར》ཐོག་ཟུར་བཀོད་མཆན་འགྲེལ་བྱས་ཡོད་པ་དང་ནང་འདྲེན་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི《ནང་འདྲེན་བྱས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཞིབ་དཔྱད་ཤོག་བྱང་》ཐོག་ཟུར་བཀོད་མཆན་འགྲེལ་བྱས་ཡོད་པ་རེད།
          ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཨང་རྟགས་ནི་ལྗང་མདོག་གཙོ་བོར་བྱས་ཏེ་ཆེད་སྤྱོད་ཀྱི་ཟུར་བཀོད་མཆན་འགྲེལ་བྱས་ཡོད་པ་དང་། རྫུན་འགོག་ལག་རྩལ་དང་བཟོ་རྩལ་གསར་པ་སྤྱད་དེ་ཁག་བགོས་ཀྱིས་དོ་དམ་དང་དབྱེ་བ་འབྱེད་བདེ་པོ་ཡོད་པ་མ་ཟད། ནུས་རྒྱུ་གསར་པའི་ཁྱད་ཆོས་དང་ལག་རྩལ་གསར་གཏོད་ཀྱང་མངོན་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།