འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།"བདེ་ཆེན་ས་མཐོའི་ཏང་དར་དམར"ཞེས་པའི་ཏང་འཛུགས་སྐྱོང་གི་ཆེད་སྒྲིག་ལེ་ཚན་གཉེར་
    བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཀྲོའུ་ཡི་རྩ་འཛུགས་ལས་དོན་གྱི་གསར་འགྱུར་དང་དྲ་རྒྱའི་དྲིལ་བསྒྲགས་མཉམ་འབྲེལ་ཚོགས་འདུའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང“བདེ་ཆེན་ས་མཐོའི་ཏང་དར་དམར”ཞེས་པའི་ཏང་འཛུགས་སྐྱོང་གི་ཆེད་སྒྲིག་ལེ་ཚན་གཉེར་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲོའུ་ཨུད་རྩ་འཛུགས་པུའུ་དང་། བདེ་ཆེན་ཉིན་རེའི་ཚགས་པར་ལས་ཁུངས། ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། ཀྲོའུ་ཨུད་ཀྲོའུ་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། ཀྲོའུ་ཨུད་སློབ་གསོ་ལས་དོན་ཨུ་ལྷན། ཀྲོའུ་ཨུད“གསར་གཉིས”ཀྱི་ལས་དོན་ཨུ་ལྷན། ཀྲོའུ་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། གསར་སྤེལ་ཁུལ་གྱི་ཏང་ཨུད་དང་རྫོང་(གྲོང་ཁྱེར)ཨུད་རྩ་འཛུགས་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་དང་འབྲེལ་གཏུག་པས་ཏང་འཛུགས་སྐྱོང་གི་ཆེད་སྒྲིག་ལེ་ཚན་གཉེར་བའི་འབྲེལ་ཡོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
          བཞུགས་མོལ་ཚོགས་འདུའི་ཐོག “བདེ་ཆེན་ས་མཐོའི་ཏང་དར་དམར”ཞེས་པའི་ཏང་འཛུགས་སྐྱོང་གི་ཆེད་སྒྲིག་ལེ་ཚན་གཉེར་བའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས་ཀྲོའུ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་དང་ཀྲོའུ་ཡོངས་ཀྱི་ཁྱབ་ཁོངས་ཁག་གི་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་ཀྱི་གྲུབ་འབྲས་དང་། ཉམས་མྱོང་། བྱེད་སྟངས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་ཏེ། ཀྲོའུ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་འདོན་སྤེལ་དང་། ཕྱོགས་སྡོམ། དྲིལ་བསྒྲགས་བཅས་ཡག་པོ་བྱས་ནས་ཀྲོའུ་ཡོངས་ཀྱི་ཏང་འཛུགས་སྐྱོང་དྲིལ་བསྒྲགས་ཀྱི་ལས་སྟེགས་དང་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་ཀྲོའུ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེགས་གསར་རྐྱང་ཞིག་བསྐྲུན་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཏང་འཛུགས་སྐྱོང་ལ་ཤེས་རྟོགས་དང་། ངོས་འཛིན། དོ་སྣང་། དོ་ཁུར་བཅས་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་ཡིན་པ་བསྟན་པ་རེད།
          ཤེས་རྟོགས་བར་གཞིགས་ན། “བདེ་ཆེན་ས་མཐོའི་ཏང་དར་དམར”ཞེས་པའི་ཏང་འཛུགས་སྐྱོང་གི་ཆེད་སྒྲིག་ལེ་ཚན་དེ་བདེ་ཆེན་ཀྲོའུ་ཨུད་རྩ་འཛུགས་པུའུ་དང་། བདེ་ཆེན་ཉིན་རེའི་ཚགས་པར་ལས་ཁུངས། ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་དུ་གཉེར་བ་དང་ཆབས་ཅིག བདེ་ཆེན་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཚགས་པར་དང་། དྲ་ཚུགས། APP སྐད་འཕྲིན་སྤྱི་རྟགས། བརྙན་འཕྲིན་འཕྲིན་ལམ། རླུང་འཕྲིན་འཕྲིན་ལམ་བཅས་སུ་དུས་གཅིག་ཏུ་གཉེར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།