འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
    བླག་ངང་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
བླག་ངང་མཇུག་བསྒྲིལ་བ།
        གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་རྟ་མགྲིན་སྐྱབས་ཀྱིས་ཐེངས་འདིའི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཇུག་བསྒྲིལ་བའི་གཏམ་བཤད་གནང་ཞིང་། ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བདེ་བླག་ངང་མཇུག་སྒྲིལ་ཐུབ་པ་ནི་ཨ་མཆོག་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཐུན་མོང་གིས་འབད་པ་བྱས་པའི་འབྲས་བུ་དང་། ཨ་མཆོག་གྲོང་རྡལ་གྱི་གཙོ་གནད་ལས་དོན་ཁག་བདེ་བླག་ངང་སྤེལ་བའི་གྲུབ་འབྲས་ཡིན་ལ། ནན་ཏན་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཁྱབ་ཆེན། ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་གལ་ཆེན་རང་བཞིན་བསྟན་ཞིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ལ་རམ་འདེགས་བྱེད་པ་དང་། གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་སྲིད་གཞུང་གི་སྣེ་ཁྲིད་འོག་ཏང་དང་རྒྱལ་ཁབ་ཀྱི་འོད་སྟོང་འཕྲོ་བའི་སྲིད་ཇུས་གཅེས་འཛིན་དང་།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་བློ་གྲོས་དང་ལག་ཟུང་ལ་བརྟེན་ནས་ཡིད་འོང་གི་ཁྱིམ་གཞིས་གསར་འཛུགས་བྱེད་དགོས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་དང་། བརྟན་བརླིང་སྲུང་སྐྱོང་། ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ། འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་སོགས་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བར་རང་ཉིད་ཀྱི་ནུས་པ་གང་ཡོད་འབུལ་དགོས་པའི་གལ་ཆེན་རང་བཞིན་ཞིབ་ཀྱིགསལ་བསྟན་པ་དང་། འགྲན་སྡུར་བདེ་བླག་ངང་མཇུག་བསྒྲིལ་བ་འདིས་ངེད་གྲོང་རྡལ་ལ་ངོ་མཚར་བའི་ལྟད་མོ་ཞིག་ཕུལ་བ་མ་ཟད། ཕྱིན་ཆད་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་ལ་ཡང་ནུས་པ་ཆེན་པོ་ཐོན་ཡོད་པ་དང་།“ལག་རྩེད་སྤོ་ལོ་ནི་སྨྱན་བྱེད་དང་། ལུས་རྩལ་ནི་སྦྲེལ་ཟམ”ཞེས་པའི་སྣང་བརྙན་འདོན་སྤེལ་དང་བྱང་ཚད་བརྟག་དཔྱད་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱུང་ལ། མི་སེམས་གཅིག་སྒྲིལ་དང་ཐུན་མོང་དུ་གོང་འཕེལ་གཏོང་བའི་དམིགས་ཡུལ་ཡང་མངོན་འགྱུར་བྱུང་བས། ཨ་མཆོག་ས་ཁུལ་གྱི་འཕེལ་རྒྱས་དང་ཡར་ཐོན་གྱི་རྣམ་པ་ཡང་བསྐྱར་ཕྱི་ཕྱོགས་ལ་འགྲེམས་སྟོན་བྱས་ཡོད་ཅེས་གསུངས་པ་རེད།
         མཇུག་ཏུ་ཧྲུའུ་ཅི་རྟ་མགྲིན་སྐྱབས་ཀྱིས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་གྱི་ཕྱོགས་སོ་སོའི་འཐུས་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། གྲོང་རྡལ་ཏང་སྲིད་འགོ་ཁྲིད་ཚན་པའི་ཁོངས་མི་དག་དང་འཐུས་མི་རུ་ཁག སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མི་བཅས་དང་མཉམ་པར་བླངས་ཤིང་ཐེངས་འདིའི་བྱ་བའི་ལས་དོན་ཁྱོན་ཡོངས་ནས་མཇུག་ལེགས་སུ་བསྒྲིལ་བ་རེད།
    【1】  【2】  【3】
    ༄༅།།ཨ་མཆོག་ས་ཁུལ་གྱི་མཐུན་སྒྲིལ་འཆམ་མཐུན་རྟགས་མའི་ལག་རྩེད་སྤོ་ལོའི་འགྲན་སྡུར་བདེ་
བླག་ངང་མཇུག་བསྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།