འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་22ལ་ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ཐོག་མ་D4251དལ་བུར་ཤིས་ཨན་བྱང་ཚུགས་ནས་ཐོན་པ་དེས་ཤིས་ཁྲེང་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་མཚོན་པ་རེད།
         ཤིས་ཁྲེང་མྱུར་བགྲོད་ལྕགས་ལམ་རིང་ཚད་ཧྲིལ་པོར་སྤྱི་ལེ་658ཟིན་པ་དང་ཤིས་ཨན་བྱང་ཚུགས་དང་། ཨ་ཕང་ཕོ་བྲང་། ཧན་ཀྲུང་། ཀོང་ཡོན། ཁྲེང་ཏུའུ་ཤར་ཚུགས་སོགས་མེ་འཁོར་བབས་ཚུགས་14བཀོད་སྒྲིག་བྱས་པ་དང་སྐྱེལ་་གཉེར་སྐྱོང་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་250ཟིན་ཞིང་། ཤིས་ཁྲེང་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་ཤིས་ཨན་བར་དེ་སྔ་ཆུ་ཚོད་11འགོར་བ་ནས་ད་ཆའི་ཆུ་ཚོད་4ཙམ་བར་ཉུང་དུ་ཕྱིན་པ་དང་། ཁྲུང་ཆིང་ནས་ཤིས་ཨན་བར་ཆུ་ཚོད་9འགོར་བ་ནས་ད་ཆའི་ཆུ་ཚོད་5ཙམ་བར་ཉུང་དུ་ཕྱིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།