འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བྱ་ཐབས་ཉེར་སུམ་བཏོན་ནས་དམངས་ཁྲོད་ཀྱི་མ་རྩ་ནུས་ལྡན་གཏོང་བའི་གསོན་ཤུགས་
    འཕེལ་བར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་དུ་ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གིས་《དམངས་ཁྲོད་ཀྱི་མ་རྩ་ནུས་ལྡན་གཏོང་བའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་དཔལ་འབྱོར་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་པ་དང་ཞིབ་ཕྲའི་བྱ་ཐབས་ཁག་23བཏོན་ནས་ཧྥུའུ་ཅན་གྱི་དམངས་ཁྲོད་ཀྱི་མ་རྩ་ནུས་ལྡན་གཏོང་བའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་བྱེད་པོ་དེ་བས་མང་བ་གསར་གཏོད་ལས་གཏོད་ལ་ཞུགས་རྒྱུར་སྐུལ་ལྕག་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཁྲོད་མ་རྩས་ཧྥུའུ་ཅན་ཞིང་ཆེན་གྱི་མ་རྩ་བཏང་བའི་བསྡོམས་འབོར་གྱི་60%ཟིན་པ་དང་། 2016ལོ་ཚུན་དུ་ཧྥུའུ་ཅན་ཞིང་ཆེན་དམངས་ཁྲོད་མ་རྩ་འཕར་ཚད་ཆག་ཡོད། མ་གཞི་འདི་ལོ་དམངས་ཁྲོད་མ་རྩ་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱས་ཡོད་མོད། འོན་ཀྱང་རྒྱུན་མཐུད་འཕར་བའི་རྨང་གཞི་སྔར་བཞིན་བརྟན་པོ་མེད།
         ད་ཐེངས་ཧྥུའུ་ཅན་ཞིང་ཆེན་གྱིས་བཏོན་པའི་བྱ་ཐབས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཁྲོམ་རར་ཞུགས་འཐུས་ལྷུག་ཏུ་གཏོང་བ་དང་། “གློད་སྡོམ་ཞབས”གསུམ་སྒྱུར་བཅོས་ལ་སྐུལ་འདེད། ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་དཀའ་བའི་གནད་དོན་སེལ་བ། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་ཆུང་དུ་གཏོང་བ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། དམངས་ཁྲོད་མ་རྩ་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བའི་གཙོ་གནད་དང་དཀའ་གནད་སྔར་བས་བསལ་བ་རེད།
         ཁྲོམ་རར་ཞུགས་འཐུས་སྔར་བས་ལྷུག་ཏུ་གཏོང་བའི་ཐད་ཧྥུའུ་ཅན་ཞིང་ཆེན་གྱིས་ཁྲོམ་རར་ཞུགས་འཐུས་ཚད་བཀག་ཆ་རྐྱེན་གཙང་སེལ་གྱིས་ཁྲོམ་རར་ཞུགས་འཐུས་ཀྱིས་མ་འཇོག་བྱེད་པོར་ཡོངས་བསྒྲགས་ཁ་གསལ་དང་ཕྱོགས་རིས་མེད་པ་མཐའ་འཁྱོངས་བྱས་པ་རེད། དམངས་ཁྲོད་མ་རྩ་ཟུར་འབུད་དང་། ཚད་བཀག སྣང་ཆུང་སོགས་ཀྱི་བྱེད་སྤྱོད་བཀག་འདོམས་ཀྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དམངས་ཁྲོད་མ་རྩ་ཞུགས་པའི་ཚད་བཀག་བཟོ་བའི་ཟུར་སྣོན་ཆ་རྐྱེན་ལོགས་སུ་བཏོན་ཆོག་གི་མེད།
         “གློད་སྡོམ་ཞབས”གསུམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་ཧྥུའུ་ཅན་ཞིང་ཆེན་གྱིས་ཞིབ་མཆན་འགོད་པའི་གོ་རིམ་ལེགས་སུ་བཏང་ནས། མ་རྩ་གཏོང་བའི་རྣམ་གྲངས་ལ་མཉམ་དུ་ཞིབ་མཆན་འགོད་ཇེ་མགྱོགས་སུ་གཏོང་བ་དང་རྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་སྒྲུབ་དང་རིག་ནུས་ཀྱི་ཞིབ་མཆན་འགོད་ཇེ་མགྱོགས་སུ་བཏང་ནས། “ཐེངས་གཅིག་ཀྱང་འགྲོ་མ་དགོས་པ”དང“མང་ཤོས་ལའང་ཐེངས་གཅིག་ལས་འགྲོ་དགོས་མེད་པ”ཁྱབ་སྤེལ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།