འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལས་ཞིང་འབྲོག་དུད་ཚང་ཁྲི་
    80ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ད་ཕན་ལོ་ཤས་རིང་མཚོ་སྔོན་གྱིས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་10ཡི་རིང་རིམ་རྩིས་བྱས་ན། ཉེན་ཁའི་འགལ་སྲུང་ལ་སྒོར་དུང་ཕྱུར་622.13བཏང་བ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་7.42གསབ་པ་དང་གཏོང་སྤྲོད་བྱས་པས་ཞིང་འབྲོག་དུད་ཚང་ཁྲི་83.75ལ་ཕན་པ་ཐོབ་ནས་ནོར་སྲིད་མ་དངུལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད།
         མཚོ་སྔོན་དེ་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་ས་བབ་དང་གནམ་གཤིས་ཤུགས་རྐྱེན་དབང་གིས་རང་བྱུང་གནོད་འཚེའི་རིགས་མང་བ་དང་ཐོན་མང་བས་ཞིང་འབྲོག་ལས་འཕེལ་རྒྱས་དང་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ལ་ཚོད་འཛིན་བཟོ་བའི“འཇུར་མིག”ལྟ་བུར་གྱུར་ཡོད།
         2016ལོའི་ཟླ་བརྒྱད་པར་མཚོ་སྔོན་ཞིང་ཆེན་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཁོངས་སུ་སེར་བའི་གནོད་འཚེ་ཚབས་ཆེན་ཐོན་ཡོད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་དྲུག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་སྟེ་ཞིང་དུད་8980གྱིས་བཏབ་བའི་མུའུ་ཁྲི་26ལྷག་གི་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པ་དང་འགན་བཅོལ་ཀུང་སིས་བརྟག་དཔྱད་ཚད་ལེན་དང་གནོད་འཚེ་ཕོག་ཚད་གཏན་འཁེལ་བྱས་རྗེས་རྫོང་ཡོངས་ཀྱི་འགན་བཅོལ་ནང་ཞུགས་མཁན་དུད་ཚང་ལ་སྒོར་ཁྲི་5705གསབ་ཡོད།
         “ཆེ་ཆུང་སྒོ་ང་ཙམ་གྱི་སེར་བ་བབས་པ་མཐོང་དཀོན་པོ་རེད། གལ་སྲིད་ཞིང་ལས་འགན་བཅོལ་མེད་ཚེ་ངའི་ཁྱིམ་ལ་གྱོང་གུན་ཆེན་པོ་ཕོག་ནས་སང་ལོའི་འཚོ་བ་ཡང་སྐྱེལ་ཁག་ཙམ་བྱས་སོང་། ངའི་ཁྱིམ་གྱི་མུའུ་37གྱི་པད་ཁ་སེར་བས་རྦད་དེ་མནན་འདུག འགན་བཅོལ་ནང་ཞུགས་པས་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིས་སྒོར་8880གསབ་ནས་རང་བྱུང་གནོད་འཚེ་ལས་བྱུང་བའི་གྱོང་གུན་ཕོག་ཚད་ཧ་ཅང་ཆུང་དུ་ཕྱིན་སོང”ཞེས་མཚོ་སྔོན་ཞིང་ཆེན་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་འཇུ་ལག་གྲོང་རྡལ་བྱེ་ལུང་གྲོང་ཚོའི་གྲོང་མི་མ་ཧྥུའུ་ཧའེ་ཡིས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་2007ལོ་ནས་བཟུང་ཞིང་ལས་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་སྤེལ་བ་དང་ལོ་10ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་ཞིང་ལས་འགན་བཅོལ་གྱི་འགན་སྲུང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཞིང་ལས་འགན་བཅོལ་འགན་སྲུང་གི་ཞིང་ལས་ཐོན་རྫས་ཀྱི་ཐོག་མར་ཚོད་ལྟ་བྱས་པའི་ནང་བཞོན་མ་དང་། ཕག་མོ། ཞིང་ནང་སྐྱེ་དངོས་བཅས་སྣ་ཁ་གསུམ་ནས་མིག་སྔར་ནས་དང་། འབྲི་གཡག ཡུལ་ལུག ཀྲུང་ལུགས་སྨན་རྩྭ་སོགས་ཀྱི་མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་རྫས་ཚུད་པའི་སྣ་ཁ་27བར་མང་དུ་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་ཞིང་ནང་སྐྱེ་དངོས་འགན་ལེན་རྒྱ་ཁྱོན་2007ལོར་མུའུ་ཁྲི་10.75ཙམ་ནས་2016ལོར་མུའུ་ཁྲི་225.56བར་ཆེ་རུ་ཕྱིན་པ་དེ་ནི་ཐོག་མའི་ཚོད་ལྟའི་ལྡབ་ཉེར་གཅིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།