འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“ཉི་གཏད་དམར་པོ་བཅུ་པ”རྟགས་ཅན་གྲུ་གཟིངས་ཀྲོའུ་ཧྲན་ནས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་རྒྱ་མཚོ་ཅུས་ནས་ཤེས་རྟོགས་བྱུང་བར། གོང་ཚེས་ཉིན་རང་རྒྱལ་གྱི་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ཐེངས་ཞེ་དགུ་པའི་ལས་འགན་སྒྲུབ་མཁན“ཉི་གཏད་དམར་པོ་བཅུ་པ”རྟགས་ཅན་གྲུ་གཟིངས་ཀྲོའུ་ཧྲན་ནས་ཐོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མཚོ་ཆེ་མོའི་གྲུ་ཐེངས་ཞེ་དགུ་པའི་འཆར་གཞིའི་དུས་ཡུན་ཉིན་250ཡིན་པ་དང་། མཚོ་ལམ་དུམ་བུ་ཁག་ལྔར་ཕྱེ་ནས་བསྐྱོད་རྒྱུ་ཡིན་པ་དེའི་ལམ་ཐག་མཚོ་ལེ་25000ལྷག་ཙམ་ཡོད་པ་དང་2018ལོའི་ཟླ་8ཚེས་12ཉིན་བརྟག་དཔྱད་ལས་འགན་ཡོངས་སུ་བསྒྲུབས་ཏེ་ཀྲོའུ་ཧྲན་དུ་ལོག་རྒྱུ་ཡིན་པ་རེད། མདུན་གྱི་མཚོ་ལམ་དུམ་བུ་བཞི་ཉིན་ཉིས་བརྒྱའི་ནང་བསྐྱོད་རྒྱུའི་འཆར་གཞི་ཡོད་པ་དང་ལས་སྒྲུབ་ཁུལ་གཙོ་བོ་ནི་ལྷོ་ནུབ་ཧིན་རྡུ་རྒྱ་མཚོའི་ལྕགས་རྒྱུ་མང་བའི་མུ་ཟི་འགྱུར་རྫས་མཉམ་མཐུན་ཁུལ་གྱི་མཚོ་ལམ་དང་མཚོ་ལམ་དུམ་བུ་ལྔ་པར་ཉིན་50བསྐྱོད་རྒྱུའི་འཆར་གཞི་ཡོད་པ་དང་ལས་སྒྲུབ་ཁུལ་གཙོ་བོ་ནི་ནུབ་བྱང་ཧིན་རྡུ་རྒྱ་མཚོའི་ལྕགས་རྒྱུ་མང་བའི་མུ་ཟི་འགྱུར་རྫས་བརྟག་དཔྱད་ཁུལ་ཡིན་པར་མི་272ཞུགས་རྒྱུ་ཡིན་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། འགྲུལ་བཞུད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་རྒྱ་མཚོའི་ཆ་ལག་ཚང་བའི་ཚན་རིག་གནད་དོན་ལ་ཞིབ་འཇུག་བྱེད་པའི་འབྲེལ་བའི་རང་བཞིན་ལ་ཤུགས་སྣོན་རྒྱག་པ། སྡེ་ཚན་མི་འདྲ་བ་དང་རིག་ཚན་མི་འདྲ་བས་ཧིན་རྡུ་རྒྱ་མཚོ་ཁུལ་དུ་བརྟག་དཔྱད་དང་ཚན་ཞིབ་མི་འདྲ་བ་བྱེད་པའི་དགོས་མཁོ་སྐོང་བ་བཅས་ཀྱི་ཕྱིར། ད་ཐེངས་ཀྱི་འགྲུལ་བཞུད་ལ་ལོ་གཅིག་ལྷག་རིང་རིགས་པས་ཁུངས་སྐྱེལ་གྱི་ཇུས་འགོད་བྱས་པ་དང་སྔར་འབྱུང་མྱོང་མེད་པའི་ཕྱོགས་བསྡུས་ལས་སྒོ་སྒྲིག་འཛུགས་བྱས་པར། རྒྱ་མཚོ་ཆེ་མོར་ཞིབ་འཇུག་བྱེད་པའི་རིག་ཚན་ཚང་མར་སྤྱིར་ན་ཁྱབ་ཡོད་པ་དང་རྒྱལ་ནང་གི་རྒྱ་མཚོ་ཆེ་མོའི་ཚན་ཞིབ་དང་ལག་རྩལ་ཞིབ་སྤེལ་ཚན་པ་རྩེ་གྲ་གཅིག་ཏུ་བསྡུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།