འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དུག་ཤེད་ཆེ་བའི་ཞིང་སྨན་རིགས་བཅུ་མ་འོངས་ལོ་ལྔའི་རིང་ཚང་མ་ཕྱིར་འཐེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། ཞིང་ལས་པུའི་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་གསར་དུ་བཟོ་བཅོས་བརྒྱབ་པའི་《ཞིང་སྨན་དོ་དམ་སྲོལ་ཡིག་》ལག་བསྟར་བྱས་ནས་ལོ་ཕྱེད་སོང་རིང་ཞིང་ལས་པུས་ཞིང་སྨན་ཐོ་འགོད་དང་། ཐོན་སྐྱེད། གཉེར་སྐྱོང་། བེད་སྤྱོད་སོགས་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱས་ཤིང་། དུག་ཤེད་ཆེ་བ་དང་ཉེན་ཁ་ཆེ་བའི་ཞིང་སྨན་སྤྱོད་མི་ཆོག་པ་དང་སྤྱོད་པར་ཚོད་འཛིན་གྱི་བྱེད་ཐབས་སྤྱད་དེ་མིག་སྔའི་བར་དུག་ཤེད་ཆེ་བའི་ཞིང་སྨན་རིགས་22སྤྱོད་མཚམས་བཞག་ཡོད། ད་ལྟ་དུག་ཤེད་ཆེ་བའི་ཞིང་སྨན་རིགས་10ལས་མེད་པ་དག་ལ་ཆེད་ཚོང་ཁང་ནས་ཚོང་བ་དང་། མིང་བཀོད་ནས་ཉོ་བ། ཁུངས་གཏུག་དོ་དམ་བྱེད་པ་སོགས་སྤྱོད་པར་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་བཅས་ཐོན་སྐྱེད་བྱེད་རིང་སྤྱོད་མི་ཆོག་པའི་གཏན་འབེབས་བཟོས་པ་མ་ཟད། ད་དུང་ལོ་ལྔའི་རིང་ཚང་མ་མེད་པར་བཟོ་བའི་བརྩོན་ལེན་ཡང་བྱེད་བཞིན་ཡོད་པ་རེད།
         ཞིང་ལས་པུའི་འདེབས་འཛུགས་ལས་རིགས་སིའི་སི་ཀྲང་ཅིང་ཡན་ཏེ་ཡིས་ཞིང་ལས་པུས་ཞིང་སྨན་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་པ་དང་འབྲེལ་མིག་སྔར་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་གཏན་འབེབས་སྔར་བས་ཞིབ་ཕྲ་བཟོས་ནས་ཞིང་སྨན་ལ་དོ་དམ་སྔར་བས་ནན་པོ་བྱས་ཡོད། དེ་གཙོ་བོ“མཐོར་གཏོང་གསུམ་དང་ཤུགས་སྣོན་གཅིག”ལས་མངོན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་སྟེ། ཞིང་སྨན་ཐོ་འགོད་དང་གཉེར་སྐྱོང་སོགས་ཀྱི་ཆོག་འཐུས་ཚད་གཞི་མཐོ་རུ་གཏོང་བ་དང་། ཕྱིར་འཐེན་ལམ་སྲོལ་འཛུགས་པ། ཐོ་འགོད་བྱས་ནས་ལོ་15ཡན་སོང་བའི་ཞིང་སྨན་རིགས་གཙོ་གནད་དུ་བཟུང་སྟེ་དུས་འཁོར་རང་བཞིན་གྱི་གདེང་འཇོག་བྱེད་པ་བཅས་ཀྱིས་ཉེན་ཁ་ཆེ་བའི་ཞིང་སྨན་མགྱོགས་ནས་མྱུར་དུ་མེད་པར་བཟོས་དང་བཟོ་བཞིན་ཡོད་པ་དང་། ཞིང་སྨན་ཁེ་ལས་གཅིག་སྡུད་བྱེད་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཐོན་སྐྱེད་ཁེ་ལས་ལ་སྦགས་བཙོག་ཆེ་བ་དང་ཉེན་ཁ་ཆེ་བའི་རྗེས་ལུས་ཐོན་ནུས་ངེས་པར་དུ་མེད་པར་བཟོ་དགོས་པའི་བླང་བྱའང་བཏོན་པ། གསར་གཏོད་ནུས་པ་མཐོ་རུ་བཏང་སྟེ་ཞིང་སྨན་གསར་པ་ཞིབ་འཇུག་དང་གསར་བཟོ་བྱེད་མཁན་ལ་ཐོ་འགོད་རྒྱབ་སྐྱོར་བྱེད་པ་དང་ཁེ་ལས་ཀྱིས་མཉམ་འབྲེལ་ཐོག་ཞིང་སྨན་གསར་པ་ཞིབ་འཇུག་དང་གསར་བཟོ་བྱེད་ཆོག་པ། ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ“མིང་གཞུང་ནག་པོ”ཡི་ནང་དུ་འཇུག་པ་སོགས་ཀྱི་ཡིད་རྟོན་ཆད་གཅོད་བྱེད་ཐབས་གསར་དུ་བསྣན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།