འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་5ཙམ་རིང་ཀན་སུའུ་ཡི་རིམ་ཁག་འདུམ་འགྲིག་རྩ་འཛུགས་ཀྱིས་གྱོད་གཞི་ཁྲི་103
    ལྷག་བསྡུམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་རིམ་ཁག་འདུམ་འགྲིག་རྩ་འཛུགས་ཀྱིས་ལོ་5ཙམ་རིང་གྱོད་གཞི་སྣ་ཚོགས་ཁྲི་103ལྷག་བསྡུམས་ནས་གྱོད་དོན་ཁྲི་101ལེགས་གྲུབ་བྱུང་བ་དང་། དོ་བདག་ཁྲི་221དང་འབྲེལ་ཞིང་། དེའི་ནང་ནས་རྩོད་གཞི་ཁག་པོ་ཁྲི་3.8ལྷག་བསལ་བར་བརྟེན། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བའི་མི་དམངས་ཀྱི་འདུམ་འགྲིག“འགོག་རགས”ཀྱི་ནུས་པ་གང་ལེགས་བཏོན་པ་རེད།
         གསར་འགོད་པས་ཀན་སུའུ་ཞིང་ཆེན་གྱི་སྡེ་ཚན་མང་པོ་ནས་ཤེས་རྟོགས་བྱས་པ་ལྟར་ན། དུས་བབ་གསར་པའི་འོག་ལས་རིགས་དང་ཆེད་ལས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞི་སེལ་བའི་དགོས་མཁོ་དང་འཚམ་པ་དང་། ཀན་སུའུ་ཞིང་ཆེན་གྱི་རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་འདུམ་འགྲིག་ཁྱབ་ཁོངས་ཆེ་རུ་བཏང་ནས་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་བཙུགས་ཤིང་། ཕྱོགས་བསྡུས་བཅོས་སྐྱོང་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྤྱི་བདེ། འཕྲོད་བསྟེན། འགན་བཅོལ་ལྟ་སྐུལ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་སྔ་རྗེས་སུ་ཡིག་ཆ་བཏོན་པ་མ་ཟད། སྨན་བཅོས་ཀྱི་རྩོད་གཞི་དང་། བགྲོད་ལམ་འགྲིམ་འགྲུལ། གཉེན་སྒྲིག་ཁྱིམ་ཚང་། ས་ཆ་བསྡུ་སྤྱོད་དང་བཤིག་སྤོ། ངལ་རྩོལ་པ་དང་སྦྱིན་བདག་དབར་གྱི་རྩོད་གཞི་སོགས་ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་438བཙུགས་པ་དང་། གཉེན་སྒྲིག་ཁྱིམ་ཚང་དང་གྲོང་པའི་རྩོད་གཞི་སོགས་སྲོལ་རྒྱུན་དམངས་ཁྲོད་ཀྱི་རྩོད་གཞིར་འདུམ་འགྲིག་བྱས་པ་དང་ཆབས་ཅིག་སྨན་བཅོས་ཀྱི་རྩོད་གཞི་དང་། ཁོར་ཡུག་སྦགས་བཙོག་གི་རྩོད་གཞི། སྡེ་ལས་ཀྱི་རྩོད་གཞི་སོགས་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འགལ་ཟླ་དང་རྩོད་གཞི་འབོར་ཆེན་ལ་འདུམ་འགྲིག་དང་ཐག་གཅོད་བྱས་ཁར་གྱོད་གཞི་ཐག་གཅོད་དཀའ་བ་སྐོར་ཞིག་སྔོན་འགོག་དང་འདུམ་འགྲིག་ཀྱང་བྱས་པ་རེད།
         མིག་སྔར། ཀན་སུའུ་ཞིང་ཆེན་གྱིས་གྲོང་ཚོ(གྲོང་ལྷན)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཁྲི་1.7ལྷག་དང་ཤང་གྲོང(ཁྲོམ་གཞུང)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང1379བཙུགས་པ་དང་། ད་ཡོད་ཀྱི་མི་དམངས་འདུམ་འགྲིག་པ་ཁྲི་11.7གྱི་ནང་ནས་གྲོང་ཚོ(གྲོང་ལྷན)མི་དམངས་འདུམ་འགྲིག་པ་ཁྲི་9.2དང་ཤང་གྲོང(ཁྲོམ་གཞུང)མི་དམངས་འདུམ་འགྲིག་པ་ཁྲི་1.1ཡོད་ཅིང་། ཆེད་ལས་རང་བཞིན་དང་ལས་རིགས་རང་བཞིན་གྱི་མི་དམངས་འདུམ་འགྲིག་པ་3600ལྷག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།