འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་ཚེས་5ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་ནད་རིགས་20ཡི་རྨང་གཞིའི་ཐོག་ཐུམ་འབུའི་ནད་དེ་གཞི་རྩའི་སྨན་བཅོས་ཀྱི་སྤྱི་འདོམས་ཐེབས་རྩ་དང་ནད་ཆེན་འགན་བཅོལ་གྱི་ཁ་གསབ་ཁྱབ་ཁོངས་སུ་བཅུག་པས། ཡུལ་ནད་བརྟག་དཔྱད་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་3.2བཏང་སྟེ་ས་ཁུལ་དབུལ་པོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་པ་དང་། སྨན་བཅོས་རུ་ཁག་15མངགས་ནས་རྫོང་9ཡི་ས་བབ་མཐོ་ལ་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་15ལ་བཅའ་སྡོད་བྱས་ནས་རོགས་སྐྱོར་བྱས་ཡོད་པ་རེད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐད་ཀྱི་སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་སྒོར་435ནས་སྒོར་475བར་མཐོ་རུ་བཏང་བ་དང་། ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་གྱི་འགྲོ་གྲོན་ནི་ལོ་རེར་མི་རེར་ཆ་སྙོམས་སྒོར་18ཡིན་པ་དང་མི་རེར་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཚད་གཞི་སྒོར་65བར་མཐོ་རུ་བཏང་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་15ཡིས་མཐོ་བ་ཡོད་པ་རེད། ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཕྱིན་པའི་སྨན་རིན་འཕྲལ་དུ་རྩིས་ཞུ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས“ནད་ཆེན་ཕོག་མཁན་ཁག་གཅིག་ལ་གཅིག་སྡུད་ཀྱིས་སྐྱོབ་བཅོས་བྱེད་པ་དང་། གཅོང་ནད་ཕོག་མཁན་ཁག་གཅིག་ལ་གན་འཇོག་གིས་ཞབས་འདེགས་ཞུ་བ། ནད་གཞི་ལྕི་པོ་ཕོག་མཁན་ཁག་གཅིག་ལ་མཐའ་སྐྱོང་གིས་འགན་ལེན་བྱེད་པ”བཅས་ལག་བསྟར་བྱས་ཏེ་རིགས་9ཡི་ནད་གཞི་ཁག་15སྐྱོབ་བཅོས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད། མིག་སྔའི་བར་གྲལ་བཤེར་བྱས་པ་བརྒྱུད་ཐུམ་འབུའི་ནད་ཀྱི་ནད་པ་ཁྲི་37ཟིན་པ་དང་། མི་7138ལ་སྐྱ་གྲིབ་ཕོག་ཡོད་མེད་བརྟག་དཔྱད་བྱས་པ། ནད་པ་2195ལ་གཤགས་བཅོས་བྱས་པ། བྱིས་པའི་ལྷན་སྐྱེས་སྙིང་ནད་སོགས་ས་མཐོའི་རང་བཞིན་གྱི་ནད་གཞིར་སྨན་ཡོན་མི་དགོས་པར་བརྟག་དཔྱད་དང་སྐྱོབ་བཅོས་བྱས་ཡོད་པ་རེད།
         བོད་འདི་ཉིད་ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་སོགས་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་དེ་འདྲའི་འོག་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་ནི་དབུལ་པོ་མང་དུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་2012ལོའི་མི་ཁྲི་103ནས་མིག་སྔའི་མི་ཁྲི་47.9བར་ཉུང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།