འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཡེ་མེན་གྱི་ཙུང་ཐུང་ཟུར་པ་ས་ལི་ཧོ་ནི་ཧུའུ་སའེ་དྲག་ཆས་པས་བསད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡེ་མེན་གྱི་ཙུང་ཐུང་ཟུར་པ་ས་ལི་ཧོ་ནི་ཧུའུ་སའེ་དྲག་ཆས་པས་བསད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། ཡེ་མེན་གྱི་ཙུང་ཐུང་ཟུར་པ་ས་ལི་ཧོ་ཉེ་འགྲམ་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ས་ལི་ཧོ་ཉིན་དེར་ཧུའུ་སའེ་དྲག་ཆས་པས་བསད་པའི་ར་སྤྲོད་བྱས་བྱུང་། དཔོན་རིགས་དེས། ས་ལི་ཧོ་དང་ཁོང་གི་འགོ་ཁྲིད་པའི་རྒྱལ་ཡོངས་མི་དམངས་མང་ཚོགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཨ་ཝ་ཏི་གཉིས་ཉིན་དེར་རྒྱལ་ས་ས་ནཱ་ནས་བྲོས་འགྲོ་བའི་ལམ་བར་དུ་ཧུའུ་སའེ་དྲག་ཆས་པས་བསད་པ་དང་། སྐབས་དེར་ཁོང་གཉིས་སྲིད་གཞུང་དམག་གིས་བཟུང་བའི་མ་ལི་ཕུའུ་ཞིང་ཆེན་དུ་འགྲོ་འཆར་ཡོད་པ་རེད་ཅེས་བཤད།
         ཟླ་12ཚེས་2ཉིན། ཕྱོགས་གཉིས་པོའི་དམག་འཐབ་ཇེ་དྲག་ཏུ་ཕྱིན་པ་དང་། ས་ལི་ཧོ་ཡིས་དམག་དཔུང་དང་མང་ཚོགས་ལ་ཧུའུ་སའེ་ཡི་དྲག་ཆས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས། ས་ལི་ཧོ་ཡི་ལང་ཕྱོགས་གསར་པར་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དང་སོ་ཏི་ཨ་རབ་ཏུ་ཉེན་གཡོལ་བཞིན་པའི་ཧ་ཏིའི་རྒྱབ་སྐྱོར་ཐོབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།