འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟའི་ཁུལ་ལ་ཚད་བརྒལ་རང་བཞིན་གྱི་ལམ་ལུགས་ཀྱི་གྲུབ་
    འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། ལོ་དུ་མའི་སྒྱུར་བཅོས་དང་འཚོལ་ཞིབ་ལ་བརྟེན་ནས་མིག་སྔར་རང་རྒྱལ་གྱི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་དུ་ཚད་བརྒལ་རང་བཞིན་གྱི་ལམ་ལུགས་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད། སྒྱུར་བཅོས་ཚོད་ལྟ་ཕྱོགས་གསུམ་པའི་དཔྱད་དཔོག་རྩིས་ལེན་གྱི་ལམ་སྲོལ་བཙུགས་པ་དང་། ཚོད་ལྟའི་ཁུལ་གྱི“ཡོང་ཆོག་ལ་འགྲོ་ཆོག་པའི”སྟབས་བསྟུན་དོ་དམ་གྱི་ལམ་སྲོལ་འཚོལ་ཞིབ་ཀྱིས་ས་གནས་ཀྱི་སྒྱུར་བཅོས་འགན་འཁྲི་སྲ་བརྟན་དུ་གཏོང་བ། ཚོད་ལྟའི་ཁུལ་གྱི་ལས་དོན་རྩ་འཛུགས་ཀྱི་ལམ་སྲོལ་དང་། མཐུན་སྦྱོར་སྐུལ་སྤེལ་གྱི་ལམ་སྲོལ། སྒྱུར་བཅོས་ཀྱི་ནོར་འཁྲུལ་ཤོར་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་བཅས་བཟོ་རྒྱུར་འཚོལ་ཞིབ་བྱས་པ། བྱེད་པོའི་འགན་འཁྲི་དོན་འཁྱོལ་གྱིས་སྒྱུར་བཅོས་ཀྱི་གསོན་ཤུགས་རྒྱས་སུ་བཅུག་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཚོད་ལྟའི་གྲུབ་འབྲས་61ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་སྲིད་ཇུས་ཀྱི་ཡིག་ཆ་54བཟོ་རིང་གཞན་སྒྱུར་འོས་འཚམ་བྱུང་བ་དང་། གྲོང་གསེབ་ཀྱི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁུལ་58ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་མིག་སྔར་དགེ་མཚན་ལྡན་པའི་འཕེལ་རིམ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         མིག་སྔར་གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱིས་འགན་ཁུར་བའི་ཚོད་ལྟའི་ལས་འགན་50ལྷག་ཟིན་པ་དེ་གྲོང་གསེབ་སྒྱུར་བཅོས་ཀྱི་ཁྱབ་ཁོངས་གཙོ་བོའི་ནང་སྤྱིར་ན་ཁྱབ་ཡོད། ཚོད་ལྟའི་ཁུལ་མང་པོས་འབྲེལ་བ་དམ་ལ་འབྲེལ་ཚད་མཐོ་བའི་ཚོད་ལྟའི་ལས་འགན་དུ་མ་དང་ཐ་ན་བཅུ་ཕྲག་གི་འགན་ཁུར་བ་མ་ཟད་སྤྱི་འདོམས་སྐུལ་སྤེལ་བྱས་པས་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མཐོ་རུ་སོང་ཁར་སྒྱུར་བཅོས་ཀྱི་མ་གནས་དམའ་རུའང་ཕྱིན་ཡོད། གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁུལ་དུ་སོ་སོའི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་ཀྱི་དཔེ་མཚོན་ཁག་གཅིག་ཐོན་པ་དང་། སྒྱུར་བཅོས་ཀྱི་དཔེ་མཚོན་དེ་དག་ལས་སྒྱུར་བཅོས་ཀྱི་ཕན་འབྲས་ཁྱབ་གདལ་གཏོང་རྒྱུར་གསོན་ཉམས་དོད་པའི་ལག་ལེན་མཁོ་འདོན་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།