འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཡིས་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རོགས་སྐྱོར་སྤུས་ཚད་འགན་
    ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཉིང་ཞ་ཡི་གྲོང་སྡོད་རོགས་སྐྱོར་མི་སྣ་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་དང་ནུས་མེད་ཟབ་ཟོབ་གྲོང་ཚོར་ཁྱོན་ཡོངས་ནས་ཁྱབ་པ་དང་རོགས་སྐྱོར་གྱི་ཕན་འབྲས་འགན་ལེན་བྱ་ཆེད། ཉིང་ཞ་ཡིས་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མིར་སྔར་བས་དོ་དམ་ནན་པོ་བྱས་པ་རེད།
         2014ལོ་ནས་བཟུང་། ཉིང་ཞ་ཡིས་སྔ་རྗེས་སུ་རིམ་ཁག་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་ནས་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་གཉིས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་དང་ནུས་མེད་ཟབ་ཟོབ་གྲོང་ཚོར་གྲོང་སྡོད་དབུལ་སྐྱོར་ལས་དོན་སྤེལ་བར་འདེམས་གཏོང་བྱས་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ཚུན་དུ་ཉིང་ཞ་ཡིས་འདེམས་གཏོང་བྱས་པའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་ཀྱི་མ་དངུལ་དང་དངོས་ཟོག་མཐུན་སྦྱོར་དང་དོན་འཁྱོལ་བྱས་པ་དེ་དངུལ་ལ་ཕབ་ན་སྒོར་དུང་ཕྱུར་6.11ཟིན་པ་དང་མང་ཚོགས་ལ་བྱ་བ་དངོས་2034བསྒྲུབས་པ་དང་། ལོ་འགོར་གཏན་འཁེལ་བའི་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་173གྱི་ཁྲོད་ཀྱི་ཏང་རྩ་འཛུགས་90%དག་ཐེར་བྱས་ནས་ལེགས་སུ་ཕྱིན་པ་རེད།
         དེ་དང་ཆབས་ཅིག་ཉིང་ཞ་ཡིས་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་ལ་དོ་དམ་ནན་པོ་བྱས་ཤིང་། མིག་སྔའི་བར་《གྲོང་གསེབ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་གསར་སྤེལ་གྲོང་སྡོད་ལས་དོན་རུ་མི་སྐོང་བསྡུ་དང་བརྗེ་པོ་རྒྱག་པའི་བྱ་ཐབས(ཚོད་ལྟ་ལག་བསྟར)》ཀྱི་གཏན་འབེབས་ལ་གཞིགས་ཏེ་ཉིང་ཞ་ཡིས་ཧྲུའུ་ཅི་དང་པོ་17ཚུར་བསྐོངས་པ་དང་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་མི་141བརྗེ་པོ་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།