འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ལོ་མཇུག་གོང་གྲོང་གསེབ་ཀྱི་Dརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཁྱོན་
    ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་དང་དེ་བཞིན་གྲོང་གསེབ་ཀྱི་Dརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། ཟླ་10པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་སྐྱོ་ཁུལ་117178སྤྱིར་ན་སྒྱུར་བཀོད་ཟིན་ནས་ལེགས་སྒྲུབ་བྱུང་ཚད་146.4%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་Dརིམ་པའི་ཉེན་ཡོད་སྡོད་ཁང་ཁྲི་8.52སྒྱུར་བཀོད་ལས་མཇུག་འགྲིལ་ནས་ལས་མཇུག་འགྲིལ་ཚད་77.7%ཟིན་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ཟླ་10པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་སྐྱོ་ཁུལ་166198སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད་100%ཟིན་ཡོད། སྤྱི་པའི་བོགས་གཏོང་སྡོད་ཁང་8666བསྐྲུན་པ་དང་ལེགས་གྲུབ་བྱུང་ཚད་115.2%ཟིན་ཡོད། ཞིང་ཆེན་སྲིད་གཞུང་གིས་སྡོད་ཁང་སྐྱོ་ཁུལ་གྱི་ཞབས་ཞུ་ཉོས་པའི་མ་རྩ་མཉམ་འདྲེས་ཀྱི་ཡིད་རྟོན(ཞིབ་མཆན་བཀོད་པ)དངུལ་བུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1058.25ཟིན་པ་དང་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁ་གསབ་སྒོར་དུང་ཕྱུར་75.69བཏང་བ་དང་དངོས་སུ་སྤྲོད་ཚད་73.4%ཟིན་ཡོད་པ་རེད།
          འདི་ལོ་ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་10.8ལ་སྒྱུར་བཀོད་བྱ་རྒྱུའི་ལས་འགན་གཏན་འཁེལ་བྱས་ཤིང་། ཟླ་བ་བཅུ་པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་Dརིམ་པའི་ཉེན་ཡོད་སྡོད་ཁང་ཁྲི་9.96སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད་90.9%ཟིན་པ་དང་དུད་ཚང་ཁྲི་8.52ལས་མཇུག་འགྲིལ་བ་དང་ལས་མཇུག་འགྲིལ་ཚད་77.7%ཟིན་ཡོད་པ་རེད། དེའི་ནང་ས་ཁུལ་བཞིའི་ལས་འགོ་ཚུགས་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་ཅིང་། དེ་དག་ནི་ལན་ཀྲོའུ་གྲོང་ཁྱེར་དང་། ལུང་ནན་གྲོང་ཁྱེར། ལིན་ཞ་ཀྲོའུ། ལན་ཀྲོའུ་ཁུལ་གསར་བཅས་རེད། འདི་ལོའི་ལོ་མཇུག་གོང་ཀན་སུའུ་ཡིས་གྲོང་གསེབ་ཀྱི་Dརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་2019ལོའི་གོང་གྲོང་གསེབ་ཀྱི་Cརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
         ཀན་སུའུ་ཞིང་ཆེན་གྱིས་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་དང་གྲོང་གསེབ་ཀྱི་Dརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་ནས་ཁ་གསབ་མ་དངུལ་དང་ཆེད་དོན་སྐྱེད་གསབ་དངུལ་བུན་དོན་འཁྱོལ་བྱེད་པ་དང་ཆེད་དོན་མ་དངུལ་སྤྱོད་ཚད་ཆེ་རུ་བཏང་སྟེ་ལྟ་སྐུལ་དོ་དམ་དང་། ལག་རྩལ་མཛུབ་ཁྲིད། རྒྱུན་གཏན་གྱི་སྐོར་ཞིབ་བཅས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། མ་དངུལ་རང་སོར་བཞག་ཚེ། ཞིང་ཆེན་འཛུགས་སྐྲུན་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་མ་དངུལ་འཐེན་འཕྲི་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།