འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་སྐབས་བཞི་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཧྥུའུ་ཀྲོའུ་རུ་གཟབ་རྒྱས་ངང་མཇུག་འགྲིལ་བ་རེད། དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གཉེར་བའི་དམིགས་ཡུལ་ནི་གློག་བརྙན་དུས་ཆེན་གྱི་ལས་སྟེགས་ལ་བརྟེན་ནས་དར་གོས་ལམ་བུའི་རྒྱལ་ཁབ་དབར་གྱི་གློག་བརྙན་གྱི་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་། དར་གོས་ལམ་བུའི་རྒྱལ་ཁབ་ཀྱི་གློག་བརྙན་ལས་རིགས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་དམངས་སེམས་གཅིག་འགྲིལ་གྱི་འདུ་འགོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གཏོད་རྒྱུར་རིག་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་གློག་བརྙན་དུས་ཆེན་ལ་དར་གོས་ལམ་རྒྱུད་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ(ས་ཁུལ)67གྱི་ཕྱི་རྒྱལ་སྐད་ཀྱི་གློག་བརྙན་588དང་རྒྱ་སྐད་ཀྱི་གློག་བརྙན་416བསྡུ་རུབ་བྱས་པའི་ནང་རི་པིན་དང་། ཨུ་རུ་སུ། དབྱི་ཐ་ལི། ཧིན་རྡུ་ཉི་ཞི་ཡ། སི་ལོ་ཝ་ཁེ་ཡ། ཅེ་ཁེ། ཧྥ་རན་སེ། འཇར་མན་སོགས་རྒྱལ་ཁབ་ཚུད་ཡོད། གདམ་གསེས་བྱས་པ་བརྒྱུད་ཕྱི་རྒྱལ་སྐད་ཀྱི་གློག་བརྙན་70དང་རྒྱ་སྐད་གློག་བརྙན་30གློག་བརྙན་འགྲེམས་སྟོན་གྱི་་གྲས་སུ་ཚུད་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་གློག་བརྙན་ཁང་15རུ་བསྟན་རྒྱུ་རེད།
         སྐབས་འདིའི་གློག་བརྙན་དུས་ཆེན་ཐོག་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་སྤེལ་རེས་བྱེད་སྒོའང་སྤེལ་རྒྱུ་རེད། “སྐབས་དང་པོའི་ཧྥུའུ་ཀྲོའུ་དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་གྱི་རྒྱ་ཁྱབ་བརྡ་སྦྱོར་རིག་གཞུང་གི་མཛད་སྒོ་གཟབ་རྒྱས”དང་། “གློག་བརྙན་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གློག་བརྙན་མཉམ་ལས་གླེང་སྟེགས་ལ་ལྷན་འཛོམས་བྱེད”“ཚན་རྩལ་གྱིས་གློག་བརྙན་ཁྱབ་སྤེལ་བྱེད་སྟངས་ལ་རམ་འདེགས་བྱེད་པའི་ཐོན་ལས་གླེང་སྟེགས”“པེ་ཅིང་དུ་གློག་བརྙན་སྟོན·དར་གོས་ལམ་བུར་སླར་ཡང་སྐྱོད”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་རིགས་ཀྱི་གྲགས་ཅན་མི་སྣ་གདན་དྲངས་ཏེ་གློག་བརྙན་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས་པ་དང་། དེའི་དམིགས་ཡུལ་ནི་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དར་གོས་སྙིང་སྟོབས་རྒྱུན་འཛིན་བྱེད་པ། དར་གོས་ལམ་བུའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་གོའི་གློག་བརྙན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གློག་བརྙན་སྤེལ་རེས་དང་ཉོ་ཚོང་གི་རྒྱལ་སྤྱིའི་ལས་སྟེགས་ཤིག་གཏོད་ཆེད་རེད།
      

    ཕྱོགས་བསྡུས་གསར་འགྱུར།