འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་བརྒྱའི་བྱ་སྤྱོད་སི་ཁྲོན་མན་དབྱང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་བརྒྱའི”འདུ་འགོད་ཀྱི་བྱེད་སྒོ་ཐེངས་རེ་དྲུག་པ་སི་ཁྲོན་མན་དབྱང་ཡིའུ་ཤན་ཆུས་སུ་སྤེལ་བ་རེད། བྱང་ཤར་དགེ་འོས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་དབྱང་ཞའོ་ཧུའེ་ཡིས་《དུས་རབས་གསར་པའི་ཡིད་རྟོན་དགོངས་པ་དང་དེའི་རིན་ཐང་དང་དོན་སྙིང་》ཞེས་བརྗོད་གཞིར་བྱས་པའི་འཆད་ཁྲིད་གནང་བ་མ་ཟད། བྱེད་སྒོ་སྤེལ་ཡུལ་གྱི་ལྟད་མོ་བ་དང་དྲ་གྲོགས་དབར་ཕན་ཚུན་སྤེལ་རེས་ཀྱང་གནང་བ་རེད།
         དབྱང་ཞའོ་ཧུའེ་ཡིས་ཡིད་རྟོན་དགོངས་པ་ནི་དང་ཐོག་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་རྩ་བ་ཚུགས་པ་ཞིག་ཡིན། “དུས་རབས་ཀྱི་རྒྱབ་ལྗོངས་གསར་པའི་འོག་ཡིད་རྟོན་དགོངས་པར་སྤྱི་ཚོགས་ཀྱི་རིན་ཐང་དང་འཐབ་ཇུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད”ཅེས་གསུངས་པ་དང་། ཁོང་གིས་མི་རྣམས་ལ་ཟས་གོས་སྡོད་གསུམ་ཡག་པོ་དགོས་པ་མ་ཟད། ཡིད་རྟོན་རྨང་གཞིར་བྱས་ནས“མི་བཟང་དང་། བྱ་བཟང་། རྣམ་པ་བཟང་པོ། སེམས་པ་སྐྱིད་པོ”བཅས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་དེ་བས་གལ་འགངས་ཆེན་པོ་རེད། གཞན་ཡང་ཡིད་རྟོན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་རིན་ཐང་གི་དམིགས་ཡུལ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
         དབྱང་ཞའོ་ཧུའེ་ཡིས་བལྟས་ན། ཡིད་རྟོན་དགོངས་པར་ད་དུང་འཛམ་གླིང་གི་དོན་སྙིང་ལྡན་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ནི་ཐོག་མར་ཡིད་རྟོན་གྱི་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས། རྒྱུན་མཐུད་ཞི་མཐུན་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་དགོས་ན། རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་བྱེད་དགོས། དེ་དག་ཐམས་ཅད་ལ་ཡིད་རྟོན་སྔོན་འགྲོ་དང་རྨང་གཞིར་འཛིན་དགོས། དུས་རབས་གསར་པར་ཡིད་རྟོན་ནི་འཇིག་རྟེན་འགྲོ་ལུགས་ཀྱི་ཀུན་སྤྱོད་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་འགྲོ་འོང་གི་གཞི་རྩའི་ཚད་གཞི་ཞིག་ཏུ་རིམ་སྤོར་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།