འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་པིང་ལིང་དགོན་པའི་བྲག་ཕུག་གི་ཟངས་ཆས་97ཉམས་གསོ་སྲུང་སྐྱོབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། གསར་འགོད་པར་ཀན་སུའུ་པིང་ལིང་དགོན་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། འཛམ་གླིང་རིག་གནས་ཤུལ་བཞག་གནས་ཡུལ་པིང་ལིང་དགོན་པའི་བྲག་ཕུག་གི་ཟངས་ཆས་97ལ་སྲུང་སྐྱོབ་ཉམས་གསོ་ཐུབ་པ་མ་ཟད། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་ཡང་ཐོབ་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་སྲུང་སྐྱོང་ནུས་ལྡན་མ་བྱུང་བའི་རྐྱེན་གྱིས་ཟངས་ཆས་དེ་དག་ལ་སྔ་རྗེས་སུ་གཡའ་བརྒྱབ་པ་དང་། གས་ཆག་བྱུང་བ། ཞག་སྙིགས་འགོས་པ། གསེར་ཚགས་དང་ཚོན་ཁྲ་ཟགས་པ་སོགས་ཀྱི་སྐྱོན་ལྷག་ཡོད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་2012ལོ་དང་2016ལོར་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་ལ་མཆན་འགོད་བཀའ་ལན་གནང་ཞིང་། ཉམས་གསོའི་ལས་དོན་ཀན་སུའུ་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་འགན་འཁུར་བ་དང་ཁྱོན་ཟངས་ཆས་97(ཆ་ཚང)ཉམས་གསོ་བྱས་པའི་ཁྲོད་རིམ་པ་དང་པོའི་རིག་དངོས་7ཡོད་པ་རེད།
         པིང་ལིང་དགོན་པའི་བྲག་ཕུག་ནི་ཀན་སུའུ་ཞིང་ཆེན་ཡུང་ཅིང་རྫོང་གྲོང་ནས་ལྷོ་ནུབ་ཀྱི་སྤྱི་ལེ་35ཡི་མཚམས་སུ་གནས་པ་དང་ཤིས་ཆིང་ཅན་ཧུང་སྲིད་ལོ་དང་པོར་བསྐྲུན་འགོ་ཚུགས་ཤིང་། ཀྲུང་གོའི་བྲག་ཕུག་གི་ལོ་རྩིས་སྔ་ཤོས་ཉར་ཚགས་ཀྱི་མིང་འདོན་བྱས་པ་ལས་སྐད་གྲགས་ཆོད་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།