འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ"ཞིང་ལས་ལག་རྩལ་པ་ཡག་ཤོས་འཚོལ་བའི"བྱེད་སྒོ་ཞིག་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་ལྔ་པར་ཞིང་ལས་པུས“ཞིང་ལས་ལག་རྩལ་པ་ཡག་ཤོས་འཚོལ་བའི”བྱེད་སྒོ་དངོས་སུ་སྤེལ་འགོ་བཙུགས་ནས་གྲུབ་འབྲས་ཉེ་དུས་ཡོངས་བསྒྲགས་བྱ་རྒྱུ་རེད། རྒྱལ་ཡོངས་ཀྱི་ཞིང་ལས་ལག་རྩལ་པ་ཡག་ཤོས་བཅུའི་དཔེ་བཟང་མི་སྣ་སྟེ། ཐེན་ཅིན་གྲོང་ཁྱེར་ཝུའུ་ཆིང་ཆུས་ཞིང་འཕྲུལ་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་ལུའོ་ཀྲའེ་ལིང་དང་། ཧེ་ལུང་ཅང་ཞིང་ཆེན་ཀན་ནན་རྫོང་པའོ་ཧྲན་ཤང་གི་གྲོང་གསེབ་དཔལ་འབྱོར་ཞབས་ཞུ་ལྟེ་གནས་ཀྱི་ཀྲའོ་ཧུང་ཁྲེ། ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཐའེ་ཧྲུན་རྫོང་ཞའོ་ཚུན་གྲོང་རྡལ་གྱི་ཞིང་ལས་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་ཝུའུ་ཀྲེན་ཝོ། ཀོང་ཏུང་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཤིང་འབྲས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་ཧོང་མེ་ཚུང་། སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཡིང་ཧྲན་རྫོང་རྩི་ཤིང་སྲུང་སྐྱོང་དང་ཞིབ་བཤེར་ས་ཚིགས་ཀྱི་ཀུའོ་ཅན་ཆོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཚེ་རིང་ཡོན་ཏན། ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ལུའོ་ཁྲོན་རྫོང་ཀུ་ཤུ་ཐོན་སྐྱེད་ལག་རྩལ་གསར་སྤེལ་གཞུང་ལས་ཁང་གི་ཆུས་ཅུན་ཐའོ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་འབྲོག་ལས་དང་ཕྱུགས་རིགས་སྨན་པའི་ལས་དོན་ས་ཚིགས་ཀྱི་ཨ་པའོ་ཏི། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཧོ་ལན་རྫོང་འབྲོག་ལས་ཆུ་ཐོན་དངོས་རྫས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་ལིའུ་ཤིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཕུའུ་གཡུན་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཀྲུའུ་མ་ཐའེ·ཧ་ཅི་པའེ། ཧུའུ་པེ་ཞིང་ཆེན་ཅན་ལི་རྫོང་ཞིང་འཕྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་ཁྱབ་གདལ་ས་ཚིགས་ཀྱི་ལས་རོགས་ལག་རྩལ་ཆེ་མོ་བ་ཞ་དབྱི་ལུང་བཅས་ཡིན།
         ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཞིང་ལས་ལག་རྩལ་པ་ཡག་ཤོས་འཚོལ་བའི་བྱེད་སྒོ”སྤེལ་ཏེ་སྤྱི་ཚོགས་ལས་རིགས་ཁག་གིས་ཞིང་ལས་ལག་རྩལ་ཁྱབ་གདལ་བྱ་གཞག་ལ་དོ་ཁུར་དང་གཞི་རིམ་གྱི་ཞིང་ལས་ལག་རྩལ་པར་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་མ་ཟད། ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད། དེང་རབས་ཞིང་ལས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འཛུགས་སྐྲུན་བཅས་ནང་རྒྱ་ཆེའི་ཞིང་ལས་ལག་རྩལ་པས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་ཀྱང་བྱ་ཆེད་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།