འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གསང་སྤྱོད་སྒྱུར་བཀོད་ལས་གྲོང་ཁྱེར་གྱི་ཁོར་ཡུག་མཛེས་པོ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧྲེན་དབྱང་གྲོང་ཁྱེར་ལུའུ་ཞུན་བྱིས་པའི་སྤྱི་གླིང་གི་བྱང་སྒོའི་འགྲམ་གྱི་སྤྱི་པའི་གསང་སྤྱོད་ཞིག་ཏུ་གཙང་ཞིང་གྲལ་འགྲིག་ལ་རིན་མེད་སྐུད་མེད་དྲ་བ་དང་། ལག་ཐོགས་ཁ་པར་གྱི་གློག་གསོག་ཡོ་ཆས། དམངས་ཕན་དངུལ་སྤྲོད་འཕྲུལ་འཁོར་སོགས་རིག་ནུས་སྒྲིག་ཆས་བསྒར་ཡོད་པ་མཐོང་བྱུང་། གསང་སྤྱོད་དེར་ད་དུང་མིའི་ངོ་རིས་གསལ་འབྱེད་ཀྱི་གཙང་སྦྲའི་ཤོག་བུ་ལེན་པའི་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ཡོད་པས་གྲོང་མི་ཚོས“ངོ་རིས་གསལ་འབྱེད”བྱས་ནས་ཉིན་ལྟར་གཙང་སྦྲའི་ཤོག་བུ་ཐེངས་གཉིས་རེ་ལེན་ཆོག་པ་དང་། གཙང་སྦྲའི་ཤོག་བུའི་རིང་ཚད་ལི་སྨི་70ཡོད་པས་གྲོང་མིས་སྤྱོད་སྐབས་སྟབས་བདེ་ལ་ཤོག་བུ་གྲོན་ཆུང་ཡང་ཐུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།