འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་ཐོགས་ཁ་པར་གྱི་རོལ་རྩེད་ཁྲོམ་རར་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རིག་གནས་པུས་དྲ་རྒྱའི་རོལ་རྩེད་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཀག་སྡོམ་བྱས་པའི་དྲ་རྒྱའི་རོལ་རྩེད་ཀྱི་ནང་དོན་དང་དྲ་རྒྱའི་རོལ་རྩེད་དྲིལ་བསྒྲགས་ཁྱབ་གདལ་གཏོང་བར་བཀག་སྡོམ་བྱས་པའི་ནང་དོན་སོགས་ཚུད་པའི་སྒྲིག་འགལ་གཉེར་སྐྱོང་བྱེད་སྒོ་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་གཙོ་གནད་ལ་བརྩི་བ་དང་ཆེད་དུ་ཞིབ་བཤེར་བཀོད་སྒྲིག་བྱས་ནས་སྤེལ་ཏེ་ས་གནས་ཁག་གི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིར་ལྟ་སྐུལ་བྱས་ནས་དྲ་རྒྱའི་རོལ་རྩེད་གྱོད་གཞི་80ལྷག་ཙམ་ཞིབ་གཅོད་བྱས་པ་རེད། རིག་གནས་པུས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཐོན་རྫས་གཙོ་བོར་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་གནོད་པའི་ཆགས་སྲེད་འདོད་ལེགས་དང་། རྒྱན་འགྱེད་གཏུམ་སྤྱོད་སོགས་བཀག་སྡོམ་བྱས་པའི་ནང་དོན་ལ་ཞིབ་བཤེར་ནན་པོ་བྱས་ནས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་བཏང་བ་རེད།
         དྲ་རྒྱའི་རོལ་རྩེད་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། རིག་གནས་པུས་བཀག་སྡོམ་བྱས་པའི་ནང་དོན་རིགས་ཀྱི་གྱོད་གཞིར་ཞིབ་བཤེར་ནན་པོ་བྱས་ཏེ་ཆགས་སྲེད་དང་། འདོད་ལོག རྒྱན་འགྱེད། གཏུམ་སྤྱོད། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་གནོད་འཚེ་བཟོ་བ་སོགས་བཀག་སྡོམ་ནང་དོན་ཚུད་པའི་དྲ་རྒྱའི་རོལ་རྩེད་ཐོན་རྫས་གཙོ་གནད་དུ་བྱས་ནས་པེ་ཅིང་དང་། ཧྲན་ཤིས། ཅི་ལིན། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཅང་ཤིས། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། སི་ཁྲོན་སོགས་ཀྱི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། པེ་ཅིང་ཏུའོ་ཡིའུ་དྲ་རྒྱ་ལག་རྩལ་ཚད་ཡོད་ཀུང་སི་དང་། པེ་ཅིང་སན་ཏིང་མོང་མཉེན་ཆས་ཞབས་ཞུ་ཚད་ཡོད་ཀུང་སི། ཧྲན་ཤིས་དབན་ལུང་ཏ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི། ཡན་པན་ཁང་ཏེ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི། སུའུ་ཀྲོའུ་ལེ་ཀྲེན་དྲ་རྒྱ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི། སི་ཁྲོན་ཨའེ་ཧྲང་ཧྥེ་དབྱང་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི་སོགས་དྲ་རྒྱའི་རོལ་རྩེད་གཉེར་སྐྱོང་ཚན་པ་35ལ་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་ལྟར་དོ་བདག་ལ་དངུལ་ཆད་གཏོང་བ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་སོགས་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
         གསར་འགོད་པར་རིག་གནས་པུའི་རིག་གནས་ཁྲོམ་ར་སི་ནས་ཤེས་རྟོགས་བྱུང་བར། ལག་ཐོགས་ཁ་པར་གྱི་རོལ་རྩེད་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་བྱ་ཆེད། རིག་གནས་པུས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཁྲོམ་རར་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་བྱས་ནས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཐོན་རྫས་གཙོ་བོའི་ཁྲོད་སྐབས་བསྟུན་ངང་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཐོན་རྫས་སྣ་ཁ་འཐེན་བཤེར་གྱིས“ཁྱོན་ཡོངས་ལ་བརྟག་དཔྱད”བྱས་པ་རེད། གཤམ་གསལ་གྱི་དོན་ཚན་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་སྟེ། བཀག་སྡོམ་གྱི་ནང་དོན་ཚུད་པའི་དྲ་རྒྱའི་རོལ་རྩེད་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་རིགས་དང་། དྲ་རྒྱའི་རོལ་རྩེད་ཁྱབ་གདལ་དྲིལ་བསྒྲགས་ལ་བཀག་སྡོམ་གྱི་ནང་དོན་ཚུད་རིགས། དྲ་རྒྱའི་རོལ་རྩེད་སྤྱོད་མཁན་ལ་ཐོབ་ཐང་ལག་ཁྱེར་སྤྱད་དེ་མིང་ངོ་མ་འགོད་པའི་ཐོ་འགོད་ཀྱི་རེ་བ་བཏོན་མེད་པ་དང་ཆབས་ཅིག་སྤྱོད་མཁན་གྱི་ཐོ་འགོད་ཆ་འཕྲིན་ཉར་ཚགས་བྱས་རིགས། སྐབས་བསྟུན་ངང་འཐེན་བཤེར་སོགས་སྟེས་དབང་གི་བྱ་ཐབས་བརྒྱུད་དྲ་རྒྱའི་རོལ་རྩེད་སྤྱོད་མཁན་ལ་མགོ་སྐོར་བཏང་སྟེ་ཁྲིམས་གཏན་འཁེལ་བའི་དངུལ་ལོར་གཏོང་བའམ་ཡང་ན་དྲ་རྒྱའི་རོལ་རྩེད་ཀྱི་དངུལ་ལོར་རྫུས་མའི་བྱ་ཐབས་སྤྱད་དེ་དྲ་རྒྱའི་རོལ་རྩེད་ཐོན་རྫས་དང་ཞབས་ཞུ་ཐོབ་པར་བྱེད་པ་སོགས་རེད།
         གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ཐད་རིག་གནས་པུས་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་ཆབས་ཅིག་ཆད་པ་བཅད་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་རིག་གནས་པུས་ལག་ཐོགས་ཁ་པར་གྱི་རོལ་རྩེད་ཁྲོམ་རའི་གཅིག་སྡུད་ཁྲིམས་འཛིན་ཞིབ་བཤེར་ལས་ཀའི་ཐེར་འདོན་ཁ་པར་010—59881010དང་ཐེར་འདོན་ལས་སྟེགས་www.12318.gov.cnཡོངས་བསྒྲགས་བྱས་པས་སྤྱི་ཚོགས་སྤྱི་དམངས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ལག་ཐོགས་ཁ་པར་རོལ་རྩེད་གཉེར་སྐྱོང་བྱེད་སྒོར་ཐེར་འདོན་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།