འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་སྐབས་15པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་ནས་ཟླ་12ཚེས་10ཉིན་བར་མི་སྤྱི་པུས་2017ལོའི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་རེད། བྱེད་སྒོ་དེ་ནི་མི་སྤྱི་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་བཀོད་སྒྲིག་དང་སྒྲིག་འཛུགས་བྱས་ནས་སྤེལ་བའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་པའི་ཆེད་དོན་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཞིག་དང་རྒྱལ་ཁབ་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་མ་གཏོང་བའི་སྤུས་རྟགས་གལ་ཆེན་གྱི་བྱེད་སྒོ་ཞིག་རེད། 2003ལོ་ནས་བཟུང་སྐབས་བཅུ་བཞི་བདེ་བླག་ངང་གཉེར་ཟིན་པ་དང་འདི་ལོ་སྐབས་བཅོ་ལྔ་པ་དེ་རེད།
         བྱེད་སྒོ་སྤེལ་རིང་ས་གནས་ཁག་གི་མི་སྤྱི་སྡེ་ཚན་གྱིས་ས་གནས་དེ་གའི་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུའི་སྒྲིག་གཞི་དང་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་ཐུན་མོང་དུ་གཉེར་བའི་དྲ་བའི་གདན་ཞུའི་ཚོགས་འདུ་ཞིག་དང་། ས་གནས་ས་ཐོག་གི་གདན་ཞུའི་ཚོགས་འདུ་ཞིག མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་གི་ཆེད་དོན་གདན་ཞུའི་ཚོགས་འདུ་ཞིག ལས་ཞུགས་དང་ལས་གཏོད་མཛུབ་ཁྲིད། ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཅིང་ལི་ཁྲི་སློབ་གྲྭར་སྐྱོད་པ། ལས་ཞུགས་དང་ལས་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་ཞིག་ཡིན་པས། མཐོ་སློབ་སློབ་ཐོན་སློབ་མ་ཚོར་སྣ་མང་ཅན་གྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པ་ཞིག་རེད།
          འདི་ལོའི་བྱེད་སྒོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་གིས་དེ་བས་དོ་འཁུར་བྱས་ནས་སོ་སོའི་ལེགས་ཆ་འདོན་སྤེལ་གྱིས་གླིང་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོག་རྒྱུ་དང་ཆབས་ཅིག་ཀྲུང་གོ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དྲ་བར་བྱེད་སྒོའི་ཆེད་མངགས་ཁུལ་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་གནད་སྨིན་ཞབས་ཞུའི་ལས་སྟེགས་དང་འབྲེལ་མཐུད་བྱས་ཏེ་ལས་སྟེགས་དེས་སློབ་ཐོན་སློབ་མར་ལས་རིགས་ཀྱི་ནུས་པ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་དང་མི་སྤྱོད་ཚན་པར་ལས་གནས་ཀྱི་ནུས་པ་དཔེ་སྟོན་བྱས་ཏེ་ཕྱོགས་གཉིས་ཀར་གནད་སྨིན་རིག་ནུས་དང་འཚམ་པའི་ཞབས་ཞུ་མཁོ་འདོན་བྱས་ཐོག་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པ་དང་མི་སྤྱོད་ཚན་པའི་ཤེས་ལྡན་མི་སྣའི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ཏེ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དགོས་མཁོ་དང་རེ་བ་གཉིས་ཀ་དང་འཚམ་ཐུབ་པའི་ལས་ཕྱོད་མཐོ་རུ་གཏོང་རྒྱུ་རེད།
         ཞབས་ཞུའི་གཟའ་འཁོར་རིང་མཐོ་སློབ་སློབ་ཐོན་སློབ་མས་ཀྲུང་གོ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དྲ་བ(www.chrm.gov.cn)དང་ཀྲུང་གོ་སྤྱི་པའི་གདན་ཞུའི་དྲ་བ(www.cjob.gov.cn) ཀྲུང་གོ་རྒྱལ་ཁབ་ཤེས་ལྡན་མི་སྣའི་དྲ་བ(www.newjobs.com.cn)བཅས་ཀྱི་བྱེད་སྒོའི་ཆེད་མངགས་ཁུལ་དུ་འཛུལ་ཏེ་རྒྱལ་ཡོངས་ཀྱི་དྲ་བའི་གདན་ཞུའི་ཚོགས་ཆེན་གྱི་ལས་འཚོལ་ལས་འདེམས་ལ་ཞུགས་པའམ་ཡང་ན་ཀྲུང་གོ་རྒྱལ་ཁབ་ཤེས་ལྡན་མི་སྣའི་དྲ་བའི་མཐོ་སློབ་སློབ་ཐོན་སློབ་མའི་གནད་སྨིན་ཞབས་ཞུའི་ལས་སྟེགས་སུ་འཛུལ་ནས་ཤེས་ལྡན་མི་སྣར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ནའང་འགྲིག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གིས་གཉེར་བའི་ས་གནས་ས་ཐོག་གི་གདན་ཞུའི་ཚོགས་འདུའི་དུས་ཚོད་དང་ས་གནས་སོགས་ནང་དོན་ཞིབ་ཕྲ་གོང་གསལ་གྱི་དྲ་ཚུགས་ཀྱི་བྱེད་སྒོའི་ཆེད་མངགས་ཁུལ་ནས་འདྲི་རྩད་བྱས་ན་འགྲིག
      

    ཕྱོགས་བསྡུས་གསར་འགྱུར།