འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་རྙིང་པར"རིག་གནས་དང་ཚན་རྩལ"གྱི་རྒྱལ་སྤྱིའི་གླེང་སྟེགས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28དང་29ཉིན། ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ། “སྲོལ་རྒྱུན་གྱི་རིག་གནས། འབྱུང་འགྱུར་གྱི་བསམ་བཀོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“རིག་གནས་དང་ཚན་རྩལ”གྱི་རྒྱལ་སྤྱིའི་གླེང་སྟེགས་ གཉེར་ཞིང་། ཧྥ་རན་སེའི་ལུའུ་ཧྥུའུ་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་། རི་པིན་ཐོ་ཁེའོ་གཞུང་བཙུགས་རྟེན་རྫས་བཤམས་མཛོད་ཁང་། ཨུ་རུ་སུ་ཨེར་སྨི་ཐ་ཧྲེ་རྟེན་རྫས་བཤམས་མཛོད་ཁང་། སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་རྒྱལ་ཁབ་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་། ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་། ནན་ཅིང་རྟེན་རྫས་བཤམས་མཛོད་ཁང་། ཧོ་ནན་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་ཨོ་སི་ཁྲུ་ལི་ཡ་ཁོའོ་ཐིང་སློབ་ཆེན་དང་། རི་པིན་ཅིན་ཏུའུ་སློབ་ཆེན། ཆིང་ཧྭ་སློབ་ཆེན། ཧྥུའུ་ཏན་སློབ་ཆེན་སོགས་མཐོ་སློབ་ཀྱི་མཁས་དབང་གིས་རྟེན་རྫས་བཤམས་མཛོད་ཁང་གི་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ལམ་བུར་ཞིབ་དཔྱད་བྱས་ཏེ་སྲོལ་རྒྱུན་རིག་གནས་དང་དེང་རབས་ལག་རྩལ་གྱི“མཐུན་སྦྱོར”ལ་ཚོད་ལྟ་བྱས་པ་རེད།
         གླེང་སྟེགས་ཐོག་རིག་གཞུང་བགྲོ་གླེང་དང་། ལས་རིགས་སྤེལ་རེས། གྲུབ་འབྲས་འགྲེམས་སྟོན་བཅས་ལ་བརྟེན་ནས་རིག་གནས་དང་ཚན་རྩལ་ཁྱབ་ཁོངས་ཀྱི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་གྲངས་གཞི་ཅན་གྱི་སྲུང་སྐྱོང་དང་། ཞིབ་འཇུག འགྲེམས་སྟོན་བཅས་ལ་རྒྱལ་སྤྱིའི་རང་བཞིན་དང་སྔ་བལྟས་ཕྱི་བསམ་རང་བཞིན་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་བཀོལ་སྤྱོད་ནུས་པ་མཁོ་འདོན་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         གླེང་སྟེགས་དེ་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དང་ཐེང་ཤུན་ཚན་རྩལ(ཧྲེན་ཀྲེན)ཚད་ཡོད་ཀུང་སིས་མཉམ་དུ་སྤེལ་བ་ཞིག་ཡིན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།