འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུའི་སྤྱི་ཁྱབ་བཟོ་བཀོད་པ་ཧོང་ཤུས་ཧྭ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུའི་སྤྱི་ཁྱབ་བཟོ་བཀོད་པ་ཧོང་ཤུས་ཧྭ།
         མི་དམངས་དྲ་བའི་འཕྲིན། ཧོང་ཤུས་ཧྭ་ནི་ཀྲུང་གོའི་མི་རབས་དང་པོའི་ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུའི་སྤྱི་ཁྱབ་ཇུས་བཀོད་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲེ། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་ཞིབ་འཇུག་ཁང་719ཡི་མཚན་འཛིན་སུའོ་ཀྲང་བཅས་ཡིན་པ་རེད།
         མེས་རྒྱལ་གྱི་ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུའི་བྱ་གཞག་ཆེད་ཧོང་ཤུས་ཧྭ་ཡིས་ལོ་30རིང་མིང་ངོ་མ་གསང་བ་དང་། ལོ་60དྲག་ཆར་རླུང་འཚུབ་ཁྲོད་དུ་ལས་ལ་གཞོལ་བ། ལོ་90རྟ་ཕོ་རྒས་ཀྱང་གོམ་འགྲོས་མི་ཉམས་པར་བྱས་ཡོད། ཁོང་གི་མི་ཚེ་ནི་རྒྱ་མཚོའི་གཏིང་གི་ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུ་དང་འདྲ་བར་ངོ་མཚར་ཆེ་ལ་དེ་བས་བླ་ན་མ་མཆིས་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་སྐད་གྲགས་མེད་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཞིང་། འདི་ནི་ཧོང་ཤུས་ཧྭ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་ཞིབ་འཇུག་ཁང་ཨང་719ཡི་གཞུང་ལས་ཁང་དུ་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།