འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་འཁོར་ཁྲང་ཁྲུན་འགྲུལ་འཁོར་ཀུང་སིས་ཨོ་སི་ཁྲུ་ལི་ཡར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་
    གྱི་སྤྱི་ཁྱབ་པུའུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་འཁོར་ཁྲང་ཁྲུན་འཁོར་ལམ་འགྲུལ་སྐྱེལ་འཁོར་རིགས་ཚད་ཡོད་ཀུང་སིས་གནས་ཚུལ་གཏོང་སྤེལ་བྱས་ནས་ཀུང་སི་དེས་ཨོ་སི་ཁྲུ་ལི་ཡའི་མོར་པིན་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྤྱི་ཁྱབ་པུའུ་དང་ཞིབ་འཇུག་གསར་སྤེལ་ལྟེ་གནས་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཉེ་ཆར། ཀྲུང་འཁོར་ཁྲང་ཁྲུན་འཁོར་ལམ་འགྲུལ་སྐྱེལ་འཁོར་རིགས་ཚད་ཡོད་ཀུང་སིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྤྱི་ཁྱབ་པུའུ་རུ་དེ་གའི་ལས་མི་41བསྡུས་ཏེ་ཨོ་སི་ཁྲུ་ལི་ཡའི་ཝུའེ་ཏུའོ་ལི་ཡ་ཀྲོའུ་ཡི་ཤོང་ཚད་ཆེ་བའི་ས་འོག་མེ་འཁོར་རྣམ་གྲངས་ཀྱི་ཇུས་འགོད་དང་། ཉོ་སྒྲུབ། དོ་དམ་བཅས་ཀྱི་ལས་ཀ་བྱེད་དུ་འཇུག་རྒྱུ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་སྤྱི་ཁྱབ་པུའུ་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ནང་གི་འཁོར་ལམ་འཁོར་རིགས་རྣམ་གྲངས་ལ་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱས་ནས་འཁོར་རིགས་ཇུས་འགོད་དང་། བཟོ་བ། ཉམས་བཟོ་སོགས་ཐད་ཀྱི་ལག་རྩལ་གྱི་དཀའ་ངལ་གཙོ་གནད་དུ་སེལ་ཐབས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།