འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱོ་གར་བསྐྱར་མ་གཏན་ནས་མི་ཡོང་བར་བྱེད་པ།

    པེ་ཅིང་གི"11•18"མེ་སྐྱོན་བྱུང་ཡུལ་དུ་ཡང་བསྐྱར་བསྐྱོད་པའི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐྱོ་གར་བསྐྱར་མ་གཏན་ནས་མི་ཡོང་བར་བྱེད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་དགོང་མོར། པེ་ཅིང་གྲོང་ཁྱེར་ཏ་ཤིན་ཁུལ་ཞི་ཧུང་མེན་གྲོང་རྡལ་གྱི་ཤིན་ཅན་གྲོང་ཚོ་གཉིས་པར་མེ་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་19གྲོངས་པ་དང་མི་8ལ་རྨས་སྐྱོན་ཕོག་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚེས་26ཉིན་ཡང་བསྐྱར་མེ་སྐྱོན་བྱུང་ཡུལ་དུ་བསྐྱོད་པ་དང་། ཡུལ་དངོས་ཀྱི་གནས་ཚུལ་ནི་སྐྱི་གཡའ་བ་ཞིག་དང་། ཉེན་བརྡའི་ཚོར་བ་ཆེན་པོ་ཡོང་ངེས་ཤིག་རེད།
          མེ་སྐྱོན་གྱི་དོན་རྐྱེན་བྱུང་རྗེས། པེ་ཅིང་གྲོང་ཁྱེར་གྱིས་འཕྲལ་མར་བདེ་འཇགས་ཉེན་འགོག་གི་ཞིབ་བཤེར་གཙང་སེལ་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། པེ་ཅིང་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ཆེད་དོན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི་མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་ཡོང་ཆེད་ཡིན་ཡང་། གཙང་སེལ་བྱེད་པར་བདེ་འཇགས་ཉེན་ཡོད་ཀྱི་གནས་ཚུལ་མང་པོ་འདུག་པས། "ཡུན་རིང་འབད་འཐབ་བྱེད་དགོས་པ་འདུག"ཅེས་བསྟན་པ་རེད།
    ༄༅།།སྐྱོ་གར་བསྐྱར་མ་གཏན་ནས་མི་ཡོང་བར་བྱེད་པ།
    ༄༅།།སྐྱོ་གར་བསྐྱར་མ་གཏན་ནས་མི་ཡོང་བར་བྱེད་པ།
    ༄༅།།སྐྱོ་གར་བསྐྱར་མ་གཏན་ནས་མི་ཡོང་བར་བྱེད་པ།
    ༄༅།།སྐྱོ་གར་བསྐྱར་མ་གཏན་ནས་མི་ཡོང་བར་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།