འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཡོ་རོབ་ཀྱི་རིགས་གཅིག་མཁས་ཅན་གྱིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་
    ལམ་རྒྱུད་ས་ཁུལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུའི་སྐོར་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དངམས་དྲ་བའི་འཕྲིན། ཉེ་ཆར། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་པེར་ཀྲེམ་གྱི་ནུབ་རྒྱུད་གྲོང་ཁྱེར་པུའུ་ལུའུ་རེར་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་ཀྲུང་གོ་དང་ཡོ་རོབ་ཀྱི་དཔོན་རིགས་དང་རིགས་གཅིག་མཁས་ཅན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོ་དང་ཡོ་རོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཉོ་ཚོང་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ལམ་རྒྱུད་ས་ཁུལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུའི་ངོས་འཛིན་ཡང་བྱས་པ་རེད།
         ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཉོ་ཚོང་སྤྱི་ཁྱབ་སིའི་དཔོན་རིགས་ལུའོ་ལང·པའར་ཏུང་གིས་གཏམ་བཤད་སྤེལ་སྐབས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་ནང་མཉམ་ལས་ཧུར་ཐག་བྱེད་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་ཉེ་བའི་ལོ་ཤས་རིང་སྔ་བར་ཕྱི་གསུམ་དུ་སྦྲེལ་མཐུད་ལས་སྟེགས་ཀྱི་མཉམ་ལས་ཐད་གྲོས་མོལ་བྱེད་བཞིན་ཡོད་པ་མ་ཟད། འཕེལ་རྒྱས་ཀྱང་མངོན་གསལ་དོད་པོ་བྱུང་ཡོད་ཅེས་གསུངས་པ་རེད།
        རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནུབ་རྒྱུད་གསར་སྤེལ་སིའི་སྤྱི་ཚོགས་འཕེལ་རྒྱས་ཁྲུའི་ཁྲུའུ་ཀྲང་ཐང་མིང་ལུང་གིས་གཏམ་བཤད་སྤེལ་སྐབས། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཀྱི་མཚོན་རྟགས་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་གི་ལས་སྟེགས་ཤིག་ཡིན་པའི་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དུས་ཐུང་ལོ་འགའ་ཤས་ཀྱི་འཕེལ་རྒྱས་བརྒྱུད་ད་ཆ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱིས་གཅིག་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་དང་། གཉིས་ནས་ཁྲོམ་རས་གཉེར་སྐྱོང་དང་སྲིད་གཞུང་གིས་མཛུབ་ཁྲིད་བྱེད་པའི་རྩ་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་ཀྱི་ཡོད། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོའི་ཉོ་ཚོང་བསྡོམས་འབོར་ཁྲོད་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་བརྒྱུད་ལེགས་གྲུབ་བྱུང་བའི་བསྡུར་ཚད་ཀྱིས་1%ལས་བཟུང་མེད་ནའང་། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་མི་མངོན་པའི་ཁྲོམ་ར་ཧ་ཅང་ཆེན་པོ་ལྡན་པ་དང་འཕེལ་རྒྱས་གཏོང་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་ཅེས་གསུངས་པ་རེད།
        ད་དུང་ཐང་མིང་ལུང་གིས་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་འཕེལ་རྒྱས་ལ་འགྲན་སློང་འཕྲད་པ་དཔེར་ན། རྨང་གཞིའི་ལྕགས་ལམ་དྲ་རྒྱའི་ཐད་འདེགས་སྐྱོར་བྱེད་ནུས་མི་འདང་བ་དང་། ལམ་རྒྱུད་ཀྱི་ལམ་དུམ་བུ་ཁག་གཅིག་གི་སྒྲིག་བཀོད་རྗེས་ལུས་ཐེབས་པ། སྐྱེལ་འདྲེན་ནུས་པ་དེ་ཙམ་ཆེན་པོ་མེད་པ་སོགས་རེད། དྲ་རྒྱ་གཉེར་སྐྱོང་སྒྲིག་འཛུགས་བྱེད་པའི་ཐད་ལའང་འགག་སྒོ་སྒྲོལ་བའི་འགྲོ་ལུགས་མང་པོ་གཉེར་དགོས་པ་དང་། དུས་ཚོད་རིང་པོ་འགོར་བ། མ་གནས་མཐོ་བ་བཅས་དང་དེ་བཞིན་ཕྱིར་ལོག་སྐབས་ཚོང་ཟོག་གི་ཡོང་ཁུངས་དཀོན་པ་སོགས་ཀྱི་གནད་དོན་ལྷག་ཡོད་ཅེས་གསུངས་པ་རེད།
         ཡོ་རོབ་སློབ་གླིང་གི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་སྤྱིའི་འབྲེལ་བ་དང་ཕྱི་འབྲེལ་ཞིབ་འཇུག་པུའི་ཡོ་ཀྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་མོན་ཅིང་གིས་གསུང་བཤད་གནང་སྐབས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོ་སྒྲོལ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་ཀྱིས་ས་ཁུལ་དེ་གའི་མཉམ་འབྲེལ་སྦྲེལ་མཐུད་དང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནས་བཟུང་། ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱིས་དང་ལེན་ཧུར་ཐག་ཞུས་པ་དང་། ལྷག་པར་དུ་དཔལ་འབྱོར་ཉོ་ཚོང་གི་རྨང་གཞིའི་སྒྲིག་བཀོད་དང་སྐྱེལ་འདྲེན་སོགས་ཐད་ལ་ཕན་འབྲས་མང་པོ་ཐོན་ནས། ལམ་རྒྱུད་ཧྲིལ་པོའི་ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལའང་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུ་རེད་ཅེས་གསུངས་པ་རེད།
        ཀེ་རི་སེའི་མཁས་དབང་ཅའོ་ཀྲེ·མཚོ་ཀེ་ཕུའུ་ལུའོ་སིས་ཀྲུང་གོས་ཀེ་རི་སེར་མ་འཇོག་བྱས་པར་གྲུབ་འབྲས་ཐོབ་དོན་ནི་ཀྲུང་གོས་ཁྲོམ་རའི་ཆོས་ཉིད་ལ་བརྩི་འཇོག་དང་། ཡུལ་དེའི་བཅའ་ཁྲིམས་ལམ་ལུགས་དང་རྩ་དོན་ལ་བརྩི་འཇོག་བྱས་པ་ལས་བྱུང་བ་ཞིག་རེད། ཀྲུང་གོའི་ཀུང་སིས་ཀེ་རི་སེའི་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁར་མ་འཇོག་བྱས་པ་ལས་ཡུལ་དེའི་ལས་ཞུགས་བརྟན་པོ་བྱུང་བ་དང་གྲུ་ཁ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བས། ཡུལ་དེའི་མི་དམངས་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད་ཅེས་གསུངས་པ་རེད།
         ཧ་སག་སི་ཐན་ལྕགས་ལམ་ཀུང་སིའི་འཐུས་མི་ཁའར·ཀེ་སང་གིས་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་མ་ཐུབ་གོང་རྒྱལ་སྒྲོལ་ཀུང་སིའི་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས་ཨེ་ཤེ་ཡ་ཤར་མ་བརྒྱུད་ཨེ་ཤེ་ཡ་ཤར་ལྷོ་སྐོར་ཏེ་མཚོ་དམར་རྒྱ་མཚོ་དང་ས་དབུས་རྒྱ་མཚོར་བརྒྱུད་དགོས་པ་དང་། དེ་རྗེས་ཡོ་རོབ་བྱང་མ་བརྒྱུད་གཞི་ནས་ཧ་སག་སི་ཐན་དུ་སླེབས་ཀྱི་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀུང་སི་དེའི་དངོས་ཟོག་ཐད་ཀར་ཨེ་ཤེ་ཡ་ཤར་མ་ནས་ཀྲུང་གོ་བརྒྱུད་ཧ་སག་སི་ཐན་དུ་དབོར་གྱི་ཡོད་པས། སྐྱེལ་འདྲེན་བྱེད་ཡུན་ཐུང་དུ་ཆེས་ཆེར་ཕྱིན་པ་མ་ཟད། སྐྱེལ་འདྲེན་མ་གནས་ཀྱང་གྲོན་ཆུང་ཐུབ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།