འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཁང་པ་གླ་དུས་སྔོན་ལ་མེ་ཟོན་བདེ་འཇགས་འཐུས་ཚང་ཡིན་མིན་ལ་ལྟ་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁང་པ་གླ་དུས་སྔོན་ལ་མེ་ཟོན་བདེ་འཇགས་འཐུས་ཚང་ཡིན་མིན་ལ་ལྟ་དགོས་པ།
          མི་དམངས་དྲ་བའི་འཕྲིན། ཁ་སང་དགོང་མོར། ལིའུ་ཅིན་གྱིས་ཅ་དངོས་ཚང་མ་གནས་སྤོའི་རླངས་འཁོར་དུ་བཞག་རྗེས། ཧའེ་ཏན་ཁུལ་སི་ཅི་ཆིན་གྲོང་རྡལ་གྱི"ཧྥེང་ཧྲང་སྤྱི་ཤག"གི་ཁང་པ་གླ་ཡུལ་དང་ཁ་བྲལ་དུས"ཕྱིས་སུ་ཁང་པ་གླ་དུས། སྔོན་ལ་ཁང་པའི་མེ་ཟོན་བདེ་འཇགས་འཐུས་ཚང་ཡིན་མིན་ལ་བལྟས་རྗེས། ད་གཟོད་ཁང་པ་གླ་མིན་བསམ་བློ་གཏོང་དགོས་པ་འདུག"ཅེས་ཟེར། ཟླ་11ཚེས་20ཉིན་ནས་འགོ་ཚུགས་པའི་ཉིན་བཞི་ཡི་རིང་ལ། "ཧྥེང་ཧྲང་སྤྱི་ཤག"གི་དུད་ཁྱིམ་475ཚང་མ་གནས་སྤོ་བྱས་ཡོད་པ་རེད།
          ཧའེ་ཏན་མེ་གསོད་མེ་འགོག་ཡན་ལག་རུ་ཁག་སི་ཅི་ཆིན་མེ་འགོག་རུ་ཆེན་གྱི་ཇུས་འདོན་པ་ཝང་པའོ་ཡིས་མཚམས་སྦྱོར་བྱས་པར་གཞིགས་ན། "ཧྥེང་ཧྲང་སྤྱི་ཤག"གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་11900ལྷག་ཙམ་ཡོད་ལ། ས་འོག་གི་ཐོག་རིམ་དང་པོ་དང་། ས་ངོས་ཀྱི་ཐོག་རིམ་གཉིས་སུ་སྡོད་མཁན་མི་གྲངས་མང་པོ་ཞིག་ཡོད་ལ། སྤྱི་ཤག་ནང་ཏུ་སྒེར་གྱིས་གློག་སྐུད་གང་བྱུང་དུ་འཁྲིད་པའི་གནས་ཚུལ་ཡོད་པ་མ་ཟད། སྤྱི་ཤག་གི་སྲོག་ཐར་རྒྱུད་ལམ་གུ་དོག་ལ། འཚོ་བའི་ཅ་དངོས་མང་པོ་བཞག་ཡོད་སྟབས། མེ་གསོད་མེ་འགོག་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད། གལ་སྲིད་མེ་སྐྱོན་བྱུང་ན། མཇུག་འབྲས་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡོང་ངེས་རེད།
         "སྔོན་ཆད། འདིར་བདེ་འཇགས་མེད་པའི་སྣང་ཞིག་མི་ཡོང་། ཏ་ཤིན་ཁུལ་དུ་མེ་སྐྱོན་གྱི་དོན་རྐྱེན་བྱུང་བའི་ཐོག་ནས། ང་ཚོར་གསལ་དྲན་སྐུལ་ཆེན་པོ་ཞིག་བཏང་སོང་། ཚེ་སྲོག་གི་བདེ་འཇགས་ནི་གཙོ་ཆེ་ཤོས་རེད། དེར་བརྟེན། སྲིད་གཞུང་གིས་ང་ཚོར་གནས་སྤོའི་ཁ་བརྡ་བྱས་བྱུང་། ང་ཚོས་ངོ་མ་བསམ་ཤེས་ཐུབ་ཀྱི་འདུག"ཅེས་ལིའུ་ཅིན་གྱིས་གསར་འགོད་པར་བཤད་བྱུང་།
         ཝང་པའོ་ཡིས"ཧྥེང་ཧྲང་སྤྱི་ཤག"གི་ཉེ་འགྲམ་དུ་ཡོད་པའི་རླངས་འཁོར་4Sཚོང་ཁང་ལྔ་དང་རླངས་འཁོར་ཞིག་གསོ་ཚོང་ཁང་ཞིག་ཀྱང་བདེ་འཇགས་ཉེན་ཁ་ཡོད་སྟབས་སྒོ་བརྒྱབ་པ་རེད། "ཚོང་ཁང་འདི་ཚོའི་འཛུགས་སྐྲུན་ཚང་མ་འདུས་འདྲེས་པུན་ཁ་སིན་གྱི་ཚོན་ལྡན་རྣོ་ལྕགས་ཁང་པ་བཅོས་མ་ཡིན་པ་དང་། འཛུགས་སྐྲུན་རྒྱུ་ཆ་དེ་མེ་འབར་སླ་བའི་རིགས་ཡིན་པ་མ་ཟད། དེ་ལས་བྱུང་བའི་དུ་བ་ནི་དུག་ཅན་ཡིན་པས། མེ་གསོད་མེ་འགོག་གི་ཉེན་ཁ་ཚབས་ཆེན་ཡོད་འདུག"ཅེས་ཟེར། 
          གསར་འགོད་པར་སི་ཅི་ཆིན་གྲོང་རྡལ་ཏུང་རན་གྲོང་ཚོའི་གྲོང་མི་ཧྥུ་ཏ་པའོ་ཡིས། སྔོན་ཆད་རང་གི་རླངས་འཁོར་ཞིག་གསོ་དང་ལྷུ་ལག་བརྗེས་དགོས་པ་སོགས་བྱུང་ན་ཉེ་འགྲམ་གྱི་4Sཚོང་ཁང་དུ་འགྲོ་བཞིན་ཡོད། ཕྱིས་སུ་རླངས་འཁོར་ཞིག་གསོ་བྱེད་དགོས་དུས་ཐག་རིང་ལ་འགྲོ་དགོས་ན་ཡང་། དེ་ཚོའི་སྒོ་བརྒྱབ་པར་བསམ་ཤེས་ཆེན་པོ་བྱེད་ཀྱི་ཡོད།" ས་ཆ་དེ་དག་བཅོས་སྐྱོང་ཁྱབ་ཁོངས་སུ་འཇུག་རྒྱུའི་དགོས་པ་ཆེན་པོ་ཡོད་པ་རེད། གཟབ་གཟབ་མ་བྱས་ན་དུ་བའི་སྣེ་མོ་ཞིག་གིས་ཀྱང་འདུས་འདྲེས་པུན་ཁ་སིན་གྱི་ཚོན་ལྡན་རྣོ་ལྕགས་ཁང་པ་བཅོས་མ་དེ་མེ་འབར་ཐུབ་ལ། ཚོང་ཁང་འདི་ཚོ་སྦྲེལ་ནས་ཡོད་པས། ཚོང་ཁང་གཅིག་ལ་དོན་རྐྱེན་བྱུང་ན། ཉེ་འཁོར་ཚང་མར་ཉེན་ཁ་ཡོད་པ་རེད"ཅེས་ཟེར།
         ཁ་སང་། "ཧྥེང་ཧྲང་སྤྱི་ཤག"དུ་སྡོད་མཁན་ཁྱིམ་ཚང་475ཚང་མ་གནས་སྤོ་བྱས་པ་རེད། "ཧྥེང་ཧྲང་སྤྱི་ཤག"གི་ས་འོག་ཐོག་རིམ་དང་པོ་དང་ས་ངོས་ཀྱི་ཐོག་རིམ་གཉིས་སུ་འདུས་འདྲེས་པུན་ཁ་སིན་གྱི་ཚོན་ལྡན་རྣོ་ལྕགས་མང་པོ་ཞིག་བཀོལ་སྤྱོད་བྱས་ཡོད་པས། མེ་གསོད་མེ་འགོག་གི་ཉེན་ཁ་ཆེན་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།