འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་ཡུལ་སྐོར་བར་རིན་མེད་གསོ་རླུང་མཁོ་འདོན་
    སོགས་ཀྱི་ཞབས་འདེགས་ཞུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་བོད་ལྗོངས་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ཚོམས་ཆེན་ནས་གསར་འགོད་པར་དེ་གར་སྒྲིག་གཞི་ཞིག་མང་དུ་བཏང་ཡོད་པ་མཐོང་བྱུང་བ་དེ་ནི་ཡུལ་སྐོར་བདེ་ཐང་ཞབས་ཞུ་ལྟེ་གནས་ཡིན་པ་དང་བོད་ལྗོངས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་ཚོར་རིན་མེད་ངང་གསོ་རླུང་རྔུབ་ཏུ་འཇུག་པ་སོགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ནས་ལ་དུག་ཡང་དུ་གཏོང་ཐབས་བྱེད་ཀྱི་ཡོད།
          ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཀྲེན་ཀྲང་ཅེ་ཆིང་གིས་དགུན་ཁ་ཤར་ཚུན་ས་མཐོར་གནས་པའི་བོད་ལྗོངས་སུ་གསོ་རླུང་རིམ་བཞིན་དམའ་རུ་འགྲོ་གི་ཡོད་སྟབས་ཐོག་མར་བོད་དུ་ཡོང་མཁན་ཡུལ་སྐོར་བ་ཚོ་གསོ་རླུང་མི་འདང་བའི་དབང་གིས་མགོ་ན་བ་སོགས་ལ་དུག་ཕོག་གི་ཡོད། ཡུལ་སྐོར་བ་གཟུགས་པོ་མི་བདེ་བ་བྱུང་ཚེ་བདེ་ཐང་ཞབས་ཞུ་ལྟེ་གནས་སུ་རོགས་རམ་བྱ་རྒྱུའི་རེ་བ་འདོན་ཆོག་པ་དང་སྨན་དོན་མི་སྣས་ནད་པའི་གནས་ཚུལ་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་རོགས་རམ་བྱེད་ཀྱི་ཡོད། རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་པ་སོགས་ལ་དུག་ཕོག་མཁན་ཡུལ་སྐོར་བར་དམིགས་ནས་མེ་འཁོར་བབས་ཚུགས་ཀྱིས་ཤར་བགྲོད་ལམ་བཏོད་དེ་ཡུལ་སྐོར་བར་སྟབས་བདེ་སྐྲུན་གང་ཐུབ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།