འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཟོག་འགྲེམས་ལྟེ་གནས་ཐོག་མ་
    དེ་པུར་ཀ་རི་ཡར་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཟོག་འགྲེམས་ལྟེ་གནས་ཐོག་མ་དང་འགྲེམས་སྟོན་ཁང་པུར་ཀ་རི་ཡའི་གྲོང་ཁྱེར་ཆེ་གྲས་ཨང་གཉིས་པ་ཧྥུ་ལུའོ་ཧྥུ་ཏི་ཧྥུའི་ཉེ་འདབས་ཀྱི་སེ་ལེ་སི་དཔལ་འབྱོར་ཁུལ་དུ་བཙུགས་པ་དང་འབྲེལ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
         ཟོག་འགྲེམས་ལྟེ་གནས་དེས་གློག་རྡུལ་ཚོང་དོན་ལས་སྟེགས་གཙོ་བོར་བྱེད་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་དང་། ཕྱིར་ཚོང་། འགྲེམས་སྟོན། འཁོར་སྐྱོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད། ཀྲུང་གོ་ནས་ཡོང་བའི་ཞིང་ལས་ཐོན་རྫས་ཀུང་སི་10ལྷག་ཙམ་དང་པུར་ཀ་རི་ཡའི་ཞིང་ལས་ཀུང་སི་20ལྷག་ཙམ་ཉིན་དེའི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
         པུར་ཀ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཀྲང་ཧའེ་ཀྲོའུ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་པུར་ཀ་རི་ཡས་སྣེ་ཁྲིད་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་མཉམ་ལས་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། “16+1”མཉམ་ལས་ལམ་སྲོལ་འོག་གི་ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་ཐོག་མ་དེ་བཙུགས་ཡོད། ཞིང་ལས་ཐོན་རྫས་ཟོག་འགྲེམས་ལྟེ་གནས་བཙུགས་པ་དེས་ལམ་སྲོལ་དེར་ཕྱོགས་མང་ཞིང་ལས་མཉམ་ལས་ལས་སྟེགས་ཤིག་ཁ་སྣོན་ཐུབ་ཡོད་ཅེས་བརྗོད་པ་རེད།
         པུར་ཀ་རི་ཡའི་ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཝ་ཞི་ལི་ཝས་ཞིང་ལས་ཐོན་རྫས་ཟོག་འགྲེམས་ལྟེ་གནས་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་ཞིང་ལས་མཉམ་ལས་བྱས་པའི་གྲུབ་འབྲས་གཞན་ཞིག་རེད་ལ་ཕྱོགས་གཉིས་པོའི་ཞིང་ལས་མཉམ་ལས་ཐད་ལའང་བློས་འགེལ་ཆོག་པ་དང་སྟབས་བདེ་ལྡན་པའི་བགྲོད་ལམ་ཞིག་བསྐྲུན་ཡོད། དེ་ནི“16+1”མཉམ་ལས་ཀྱི་དཔེ་སྟོན་གཞན་ཞིག་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།