འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། གསར་འགོད་པས་མི་སེར་གྱི་སྐྱེ་འཕེལ་བདེ་ཐང་སྐུལ་སྤེལ་འདུ་འགོད་2017ལོའི་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པའི་ཁྲོད་2016ལོའི་ལོ་འཁོར་དུ་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་རྒྱལ་ཡོངས་ཀྱི་སྦྲུམ་མ་དང་ཕྲུ་གུ་སྐྱེ་མ་ཐག་པའི་སྐྱེད་མ་དེ་བཞིན་ཕྲུ་གུ་དམར་འབྱར་འཆི་ཚད་བསྟུད་མར་ཆག་པ་དང་ཀྲུང་གོའི་བུད་མེད་ཀྱིས་རེ་སྨོན་བྱེད་པའི་ཆ་སྙོམས་ཚེ་ཚད་ལོ་79.4ཟིན་པ་མངོན་ཡོད།
         མི་སེར་གྱི་སྐྱེ་འཕེལ་བདེ་ཐང་སྐུལ་སྤེལ་འདུ་འགོད་2017ལོའི་ཚོད་ལྟའི་ལས་དོན་ཉམས་མྱོང་སྤེལ་རེས་ཚོགས་འདུ་དེ་ཟླ་11ཚེས་16དང་ཚེས་17ཉིན་ཧྲན་ཤིས་སུ་འཚོགས་པ་རེད།
         མི་སྤྱི་པུའི་ལས་རིགས་ཀྱི་འཇོན་ཐང་འཛུགས་སྐྱོང་ཀུང་སིའི་ལས་རིགས་ནུས་པ་འཛུགས་སྐྲུན་སིའི་ལས་རིགས་ཐོབ་ཐང་ཁྲུའུ་ཡི་བརྟག་ཞིབ་པ་གཞོན་པ་ལི་ལི་ཡིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་གསར་ཤོས་ལས་2016ལོར་རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་འཆི་ཚད་7.5‰ཟིན་པ་དེ་2000ལོ་ལས་76.7%ཆག་ཡོད། དེ་དང་དུས་མཚུངས་2016ལོར་རྒྱལ་ཡོངས་སུ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་99.7%ཟིན་པ་དེ་2000ལོ་ལས་36.9%འཕར་ཡོད། དེའི་ནང་གྲོང་གསེབ་ས་ཁུལ་དུ་52.8%འཕར་བ་དང་ས་ཁུལ་དང་གྲོང་ཁྱེར་གྲོང་གསེབ་དབར་གྱི་ཧེ་བག་སྤྱིར་ན་མེད་པར་གྱུར་བ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།