འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཀོང་ཏུང་དུ་དྲ་རྒྱའི་བར་ཚོང་ལྟ་ཞིབ་ཚད་ལེན་གྱི་བཅོས་
    སྐྱོང་རྟེན་གཞི་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཧྲེན་ཀྲེན་དུ་ཐེང་ཤུན་ཀུང་སི་དང“བར་ཚོང་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་། དྲ་རྒྱའི་བར་ཚོང་གི་ཆ་འཕྲིན་གཙང་བཟོ་བྱེད་པ། སྤྱི་ཚོགས་ཀྱི་མཉམ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ”སོགས་ཐད་འབྲེལ་གཏུག་བྱས་པ་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་ཅུས་དང་ཐེང་ཤུན་ཀུང་སིས་《དྲ་རྒྱའི་བར་ཚོང་ལྟ་ཞིབ་ཚད་ལེན་གྱི་བཅོས་སྐྱོང་མཉམ་ལས་ཀྱི་དྲན་ཐོར་》དངོས་སུ་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོས་ཀོང་ཏུང་དུ“དྲ་རྒྱའི་བར་ཚོང་ལྟ་ཞིབ་ཚད་ལེན་གྱི་བཅོས་སྐྱོང་རྟེན་གཞི”མཉམ་དུ་བསྐྲུན་རྒྱུའི་ཐག་བཅད་པ་རེད།
         རྟེན་གཞི་དེས་བཟོ་ཚོང་ཁྲིམས་འཛིན་སྡེ་ཚན་གྱི“སྤྲིན་ཐོག་ཞིབ་བཤེར་མ་ལག”དང་ཐེང་ཤུན་ཀུང་སིའི“དྲ་རྒྱའི་བར་ཚོང་སྣང་ཚུལ་གྱི་ཤེས་ཚོར་མ་ལག”གི་ལག་རྩལ་ཐད་ལ་སྦྲེལ་མཐུད་བྱས་པ་དང་དྲ་ཐོག་གི་ལྟ་ཞིབ་ཚད་ལེན་དང་། གཞི་གྲངས་བརྒྱུད་སྤྲོད། བརྟག་དཔྱད་ཐག་གཅོད་སོགས་ལས་དོན་སྤེལ་ཏེ་ཐུན་མོང་ཐོག་བར་ཚོང་མེད་པའི་དྲ་རྒྱའི་ལས་སྟེགས་གཏོད་པ་དང་། ཕྱོགས་གཉིས་པོས་བར་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ་དྲ་ཐོག་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད་ཐག་གཅོད། རྗེས་མཐུད་ཐག་གཅོད། དྲིལ་བསྒྲགས་སློབ་གསོ། བཅའ་ཁྲིམས་ཞིབ་འཇུག་སོགས་ཐད་ཕྱོགས་མང་པོའི་མཉམ་ལས་བྱ་རྒྱུ་མ་ཟད་ད་དུང་དཔེ་མཚོན་གྱོད་དཔེ་སོགས་གང་ལེགས་སྤྱད་དེ་བྱ་ཐབས་སྣ་མང་གི་དྲིལ་བསྒྲགས་སློབ་གསོ་མཉམ་དུ་སྤེལ་ནས་སྤྱི་དམངས་ཀྱི་དྲ་རྒྱའི་བར་ཚོང་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རོགས་བྱས་ཏེ་སྤྱི་ཚོགས་མཉམ་བཅོས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད། ཀོང་ཏུང་ཞིང་ཆེན་བཟོ་ཚོང་ཅུས་དང་ཧྲེན་ཀྲེན་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྦྲེལ་མཐུད་ལས་དོན་གྱི་འགན་འཁུར་བ་དང་རྟེན་གཞི་དེའི་འཛུགས་སྐྲུན་ལས་འགན་འཁུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།