འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་འཁོར་དཔེ་དེབ་ཁང་ནང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་11ཚེས་17ཉིན་གྱི་དགོང་མོ་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཀློག་པ་པོ་མང་པོ་ཞིག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ལིའུ་ཅང་རིག་གནས་རྒྱུད་ཀྱི“ལས་བཀུར”བརྗོད་དོན་གཙོ་བོའི་ཁུལ—ལིའུ་ཀྲོའུ་བཟོ་ལས་རྟེན་རྫས་བཤམས་མཛོད་ཁང་གིས་བཤམས་སྟོན་བྱས་པའི་ཚོས་གཞི་ལྗང་གུའི་མེ་འཁོར་གྱི་འཁོར་སྒྲོམ་སྒྱུར་བཟོ་བྱས་པའི“ཆུ་ཚོད་24རིང་གི་དཔེ་དེབ་ཁང”དུ་ཡོང་ནས་མཚན་མོའི་ལས་ཞོར་གྱི་དུས་ཚོད་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དཔེ་ཀློག་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ་རེད། ཚང་མས་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་སློབ་དེབ་དང་། ཚགས་པར། དུས་དེབ་བཀླགས་རྗེས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ངོས་འཛིན་དང་སློབ་སྦྱོང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་འབྲེལ་རྒྱུན་གཏན་གྱི་ལས་ཀ་དང་སློབ་སྦྱོང་ཁྲོད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།