འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱིས་ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་འཕར་
    རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་《2016ལོའི་ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་》ལས་མངོན་པར། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱིས་ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་ཡུལ་སྐོར་ལས་རིགས་ཀྱིས་GDPལ་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཚད་སྒོར་དུང་ཕྱུར་ཁྲི་8.19ཟིན་པ་དེས་GDPབསྡོམས་འབོར་གྱི11.01%བཟུང་ཡོད། ཡུལ་སྐོར་ལས་རིགས་ལ་མི་ཁྲི་2813ཐད་ཀར་ལས་ཞུགས་ཐུབ་པ་དང་མི་ཁྲི་7962ཐད་ཀར་དང་གཞན་བརྒྱུད་དུ་ལས་ཞུགས་ཐུབ་པ་དེས་རྒྱལ་ཡོངས་ཀྱི་ལས་ཞུགས་མི་འབོར་བསྡོམས་གྲངས་ཀྱི་10.26%བཟུང་ཡོད།
         སྤྱི་བསྒྲགས་ལས་མངོན་པར། རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་མུ་མཐུད་མགྱོགས་མྱུར་འཕར་བ་དང་། རྒྱལ་མཚམས་ནང་ཡོང་བའི་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་འཕར་བ། རྒྱལ་མཚམས་ལས་སྒྲོལ་བའི་ཡུལ་སྐོར་ཁྲོམ་ར་སྔར་བས་འཕར་འགོར་དུ་སོང་ཡོད། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་44.4དང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3.94ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་11%དང་15.2%སོ་སོར་འཕར་བ་དང་། རྒྱལ་མཚམས་ནང་ཡོང་བའི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.38ཟིན་པ་དང་རྒྱལ་སྤྱིའི་ཡུལ་སྐོར་གྱི་ཡོང་འབབ་ཨ་སྒོར་དུང་ཕྱུར་1200ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་3.5%དང་5.6%སོ་སོར་འཕར་བ། ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ལས་སྒྲོལ་བའི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.22ཟིན་པ་དང་ཡུལ་སྐོར་འགྲོ་སོང་ཨ་སྒོར་དུང་ཕྱུར་1098བཏང་བ་དེ་ལོ་གོང་མ་དང་བསྡུར་ན་4.3%དང་5.1%སོ་སོར་འཕར་བ། ལོ་ཧྲིལ་པོར་ཡུལ་སྐོར་ལས་རིགས་ཀྱི་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་ཁྲི་4.69ཟིན་པ་དེ་དུས་མཚུངས་ལས་13.6%འཕར་ཡོད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་རང་རྒྱལ་གྱི་རྒྱལ་ནང་ཡུལ་སྐོར་དང་། རྒྱལ་མཚམས་ནང་ཡོང་བའི་ཡུལ་སྐོར། རྒྱལ་མཚམས་ལས་སྒྲོལ་བའི་ཡུལ་སྐོར་བཅས་ཕྱོགས་ཡོངས་ནས་དར་རྒྱས་གོང་འཕེལ་བྱུང་ནས་འཛམ་གླིང་ཐོག་གི་རྒྱལ་མཚམས་ནས་སྒྲོལ་བའི་ཡུལ་སྐོར་བའི་ཡོངས་ཁུངས་རྒྱལ་ཁབ་ཆེ་གྲས་དང་པོ་དང་གོ་ལ་ཧྲིལ་པོའི་རྒྱལ་མཚམས་ནང་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་མཁན་་རྒྱལ་ཁབ་ཆེ་གྲས་བཞི་པར་གྱུར་ལ་ཡུལ་སྐོར་ལས་རིགས་དེའང་སྤྱི་ཚོགས་ཀྱི་མ་འཇོག་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། དུས་རབས་གསར་པར་ཡུལ་སྐོར་དེ་མི་་ཉུང་ཤས་ཀྱི་ཡུལ་སྐོར་ནས་ཚོགས་སྒྲིག་གི་ཡུལ་སྐོར་དང་། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར། མཛེས་ལྗོངས་མྱོང་རོལ་གྱི་ཡུལ་སྐོར་ནས་བདེ་སྐྱིད་ལྡན་པའི་ཡུལ་སྐོར་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།