འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཡོངས་བསྒྲགས་ངང་མཉམ་ལས་
    པ་བསྡུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན། པེ་ཅིང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཁུལ་གལ་ཆེན་ཡིན་པའི་ཡན་ཆིང་འགྲན་ཁུལ་གྱིས་ཡོངས་བསྒྲགས་ངང་མཉམ་ལས་པ་བསྡུ་འགོ་བཙུགས་ཡོད། དེ་ནི་མྱུར་ཤུད་ཁང་གི་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ར་བ་འཛུགས་སྐྲུན་ཐད་སླར་ཡང་PPPརྣམ་པ་སྤྱད་པ་ཞིག་ཡིན་ལ་གོ་ལ་ཧྲིལ་པོར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ལྡན་པའི་གངས་འཁྱགས་ཐོན་ལས་ཁྲོམ་རས་སྤྱི་ཚོགས་ལ་སྒོ་མོ་ཆེན་པོ་སྔར་བས་ཕྱེ་བའང་མཚོན་ཡོད་པ་རེད།
         ཡོངས་བསྒྲགས་ཚོགས་འདུའི་ཐོག་ཡན་ཆིང་འགྲན་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་སྔོན་ཐོན་ལག་རྩལ་དང་། དོ་དམ་ཚན་རིག་དང་མཐུན་པ། གངས་འཁྱགས་རྣམ་གྲངས་གཉེར་སྐྱོང་གི་ཉམས་མྱོང་ལྡན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ཏེ་འགྲན་དུས་ཀྱི་དགོས་མཁོ་དང་འགྲན་རྗེས་ཀྱི་མུ་མཐུད་བེད་སྤྱོད་ལ་སྤྱི་འདོམས་བྱས་ནས་ཡན་ཆིང་འགྲན་ཁུལ་གྱི་དགུན་དུས་ཨོ་རྩལ་རྣམ་གྲངས་དེ་སྤོབས་པ་སྐྱེ་འོས་པ་དང་རྒྱུན་འཛིན་བྱེད་རིན་ཡོད་པའི་ལས་གྲྭ་རྩེ་གྲས་ཤིག་ཏུ་བསྐྲུན་རྒྱུ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་བདེ་བསྐྲུན་ནས་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་གྱི་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་སྔོན་ལ་ཡན་ཆིང་གིས“མྱུར་བགྲོད་ལྕགས་ལམ་གཅིག་དང་མྱུར་བགྲོད་གཞུང་ལམ་གསུམ”གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ནས་འགྲིམ་འགྲུལ་གྱི་འཇུར་མིག་རྩ་བ་ནས་བསལ་ཐོག་པེ་ཅིང་གྲོང་ཁུལ་དང་ཀྲང་ཅ་ཁོའུ་འགྲན་ཁུལ་བར་འགྲིམ་འགྲུལ་བདེ་པོ་ཡོང་བ་བྱས་ནས་འགྲིམ་འགྲུལ་དང་། སྣོད་བཅུད། ཐོན་ལས་བཅས་གཞི་གཅིག་ཅན་དུ་འགྱུར་བའི་རྣམ་པ་ཆགས་པར་བྱ་རྒྱུ་རེད། ཡན་ཆིང་འགྲན་ཁུལ་གྱི་PPPརྣམ་གྲངས་ཀྱིསBOO(འཛུགས་སྐྲུན—དབང་བ—གཉེར་སྐྱོང)+ROT(བསྐྱར་སྐྲུན—གཉེར་སྐྱོང—རྩིས་སྤྲོད)གཉེར་སྐྱོང་བྱེད་སྟངས་ལ་བརྟེན་པ་དང་། དེ་དག་གི་ནང་ཡན་ཆིང་ཨོ་རྩལ་གྲོང་ཚོ་དང་རི་ཁུལ་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་དང་ལྟེ་བའི་ཁུལ་ཧྲིལ་པོའི་འགྲན་རྗེས་བསྐྱར་སྐྲུན་གྱི་གཉེར་སྐྱོང་ཚུད་ཡོད་པ་དང་། མཉམ་ལས་ཀྱི་དུས་ཡུན་ལོ་30ཡིན་ཞིང་། ཚད་ལེན་ཞིབ་རྩིས་ལྟར་ན། རྣམ་གྲངས་དེར་ཁྲོམ་རའི་མདུན་ལམ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་མ་ཟད་དཔལ་འབྱོར་གྱི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོའང་ལྡན་པས་ཡོངས་བསྒྲགས་ངང་སུ་འཇོན་དེ་འགུག་གི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་གཏན་འཁེལ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།