འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྙན་ཞུ་ལས་མངོན་པར་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་
    རྒྱས་འགྲོ་ཤུགས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། འདི་ལོའི་ཟླ་བ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་གཙོ་གནད་ལས་རིགས་27གྱི་གཉེར་སྐྱོང་ཡོང་འབབ་དུས་མཚུངས་དང་བསྡུར་ན་13.8%འཕར་བ་དང་། འཕར་ཚད་དེ་2016ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.3མཐོ་རུ་ཕྱིན་པ། དེའི་ནང་བཟོ་ལས་ཆ་ཤས་ཀྱི་གཉེར་སྐྱོང་ཡོང་འབབ་འཕར་ཚད་13.9%ཟིན་པ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཆུ་ཚད་ཧྲིལ་པོ་ལས་མུ་མཐུད་མཐོ་བ་ཡོད་པ་དང་། ཐོན་ལས་ཆེ་གྲས་བདུན་པོ་ཚང་མར་ཕྱོགས་ཡོངས་ནས་བསྐྱར་འཕར་བྱུང་སྟེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་འགྲོ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། འདི་ནི་ཚེས་17ཉིན་ཡོངས་བསྒྲགས་བྱས་པའི་《2018ལོའི་ཀྲུང་གོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྙན་ཞུ་》ཡི་ནང་འཁོད་པ་ཞིག་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་གོ་ལས་གྲྭ་སློབ་གླིང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ཆིང་ཧྭ་སློབ་ཆེན་བཅས་ཀྱིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་འདིའི་ནང་མིག་སྔར་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕར་ཚད་ཁྱོན་ཡོངས་ནས་བསྐྱར་འཕར་བྱུང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་བཟང་སྒྲིག་བྱུང་བ། ཐོན་ལས་ལ་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཐོན་ལས་གསར་གཏོད་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཐོན་ནས་སྤྱི་ཁོག་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་ཡོད་པ་རེད།
         འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གྲས་སུ་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། ནུས་རྒྱུ་གསར་པའི་རླངས་འཁོར། སྐྱེ་དངོས། ནུས་རྒྱུ་གསར་པ། རྩེར་སོན་སྒྲིག་ཆས་བཟོ་སྐྲུན། རྒྱུ་ཆ་གསར་པ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐོན་ལས་ཚུད་ཡོད་པ་རེད།
         སྙན་ཞུར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཁྲོམ་ཞུགས་ཀུང་སིའི་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.69ཟིན་པ་དེ་དུས་མཚུངས་དང་བསྡུར་ན་19.8%འཕར་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་155.2ཟིན་པ། ཁེ་ལས་ཀྱི་གདེང་ཚོད་སྟོན་གྲངས་149.3ཟིན་པ་དེ་2016ལོའི་དུས་མཚུངས་དང་བསྡུར་ན་བསྐྱར་འཕར་ཆེན་པོ་བྱུང་ནས་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ཡག་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།