འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྒྱལ་ཁྲལ་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་མཉམ་དུ་ཁོར་ཡུག་སྲུང་སྐྱོང་ལས་
    དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་དང་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཉེ་ཆར་《ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུ་དོ་དམ་གྱི་མཉམ་སྒྲུབ་ལམ་སྲོལ་གྱི་དྲན་ཐོར་》དངོས་སུ་མིང་རྟགས་བཀོད་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བདེ་བླག་ངང་བསྡུ་རྒྱུར་རྨང་གཞི་བཏིང་ནས་བོད་དུ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་མགྱོགས་སུ་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དྲན་ཐོའི་ནང་གི་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུ་དོ་དམ་ལས་དོན་གྱི་གཙོ་གནད་ལས་འགན་དང་། ལས་ཀའི་བླང་བྱ། ལས་དོན་གྱི་འགན་ལེན་སོགས་ཀྱི་ནང་དོན་ཁ་གསལ་བཀོད་ཡོད་པ་རེད། གཙོ་གནད་ལས་འགན་ནང་ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུ་དོ་དམ་ལག་རྩལ་ཚད་ལྡན་དོན་འཁྱོལ་དང་། དཔེ་འཐེན་ཚད་ལེན་ཞིབ་རྩིས་གཏན་འཁེལ་གྱི་ཁྲལ་བསྡུ་བྱེད་ཐབས་བཟོས་པ། ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུའི་རེའུ་མིག་སྤྱི་བསྒྲགས། དྲ་ཐོག་གི་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་ལྟེ་བའི་ཁྲལ་བསྡུ་དོ་དམ་གྱི་མ་ལག་དང་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བཏོད་པ། བོད་དུ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱི་བཀོལ་སྤྱོད་རང་བཞིན་གྱི་ཡིག་ཆ་བཟོས་ནས་ཁྱབ་བསྒྲགས་བྱེད་པ་སོགས་ཚུད་ཡོད།
         བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ལིའུ་ཧུའུ་ཡིས་བོད་ཀྱི་དོན་དངོས་ལ་གཞིགས་ནས་སྡེ་ཚན་གཉིས་ཀྱིས་གྲོས་མོལ་གང་ལེགས་བྱས་མཐར་《ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུ་དོ་དམ་གྱི་མཉམ་སྒྲུབ་ལམ་སྲོལ་དྲན་་ཐོར་》དངོས་སུ་མིང་རྟགས་བཀོད་ཡོད། རྒྱལ་ཁྲལ་སྡེ་ཚན་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ལས་དོན་ཁག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁྲལ་དོན་དང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ལ་ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུ་དོ་དམ་གྱི་གྲ་སྒྲིག་ཡག་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བོད་དུ་དུས་ཐོག་ཏུ་བདེ་བླག་ངང་བསྡུ་ཐུབ་རྒྱུར་ཁྲིད་སྟོན་དང་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་བཤད།
         ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུའི་ལས་དོན་དངོས་སུ་འགོ་ཚུགས་པའི་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན་ནས་འབྲེལ་ཡོད་ཁྲལ་བསྡུ་དོ་དམ་གྱི་གྲ་སྒྲིག་ལས་དོན་ལུགས་ལྡོག་དུས་ཚོད་དུ་སླེབས་ཡོད། ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་དེ་གསར་དུ་བསྡུ་བའི་ལྗང་མདོག་ཁྲལ་ཁུངས་ཀྱི་རིགས་རྐྱང་པ་ཞིག་ཡིན་པའི་ངོས་ནས་ཁྲལ་འཇལ་དགོས་པའི་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱས་རིགས་ཁྲལ་བསྡུ་ཡུལ་དུ་བརྩི་བ་དང་། ཁྲལ་བརྩིའི་གཞི་འཛིན་ས་ཁྲལ་བསྡུ་གཞན་དང་མི་འདྲ་བས་ཆེད་ལས་རང་བཞིན་ཤུགས་ཆེ་བ་དང་ཁྲལ་བསྡུ་དོ་དམ་ཅུང་རྙོག་འཛིང་ཆེ་བ་ཞིག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།