འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མའོ་ནན་རིགས་རང་སྐྱོང་རྫོང་འབའ་ཞིག་དེས་ལོ་30འཁོར་བའི"སྐྱེས་སྐར"
    བསུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་ཀོང་ཤིས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་རང་རྒྱལ་གྱི་མའོ་ནན་རིགས་རང་སྐྱོང་རྫོང་འབའ་ཞིག་དེ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         མའོ་ནན་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་རི་ཁུལ་གྱི་མི་རིགས་ཤིག་རེད། ཧོན་ཅང་ཀོང་ཤིས་ནུབ་བྱང་མཚམས་སུ་གནས་པ་དེ་མའོ་ནན་རིགས་ཀྱི་མི་རབས་ནས་མི་རབས་འདུས་སྡོད་བྱ་ཡུལ་ཞིག་ཡིན་པ་དང་། རྫོང་ཡོངས་སུ་མའོ་ནན་རིགས་ཀྱི་མི་འབོར་ཁྲི་6ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་མའོ་ནན་རིགས་ཀྱི་མི་འབོར་བསྡོམས་འབོར་གྱི་60%ཙམ་བཟུང་ཡོད། 1987ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་འཛུགས་རྒྱུའི་ཆོག་མཆན་གནང་བ་རེད།
         ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་ཧོང་པིང་ཧྥུང་གིས་རང་སྐྱོང་རྫོང་ཐོག་མར་འཛུགས་སྐབས་དབུལ་པོ་མང་བ་དང་དབུལ་པོ་ཐོན་ཚད་77%ཟིན་གྱི་ཡོད། ལོ་30རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ཧོན་ཅང་དུ་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ནས་དབུལ་པོ་ཐོན་ཚད་15%བར་དམའ་རུ་ཕྱིན་པ་དང་ན་ནིང་ཧོན་ཅང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1987ལོའི་ལྡབ་27དང་ལྡབ་40སོ་སོར་ཟིན་ཡོད་ཅེས་བཤད།
         རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་མོ་ཅན་ལང་གིས“དེ་སྔོན་ཤང་དང་གྲོང་རྡལ་ཁག་ཏུ་སྐྱོད་སའི་ལམ་བདེ་པོ་མེད་པ་དང་ད་ཆ་གྲོང་ཚོ་ཚང་མ་དང་གྲོང་སྡེ་ཚང་མར་ཨར་འདམ་ལམ་བཏིངས་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་ཀོས་ནན་མྱུར་བགྲོད་ལྕགས་ལམ་ཧོན་ཅང་་ནས་བརྒྱུད་དགོས་ཀྱི་ཡོད། ལོ་གསུམ་བཞི་ཙམ་ཕྱིན་རྗེས་ཧོན་ཅང་དུ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པས་དེ་ནི་དེ་སྔ་བསམ་བློའི་ཡུལ་ལའང་ཤར་མྱོང་མེད་པ་ཞིག་རེད”ཅེས་བཤད།
         ཧོང་པིང་ཧྥུང་གིས“དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་མའོ་ནན་རིགས་ཀྱི་ཁྱད་ལྡན་རིག་གནས་ཐད་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་ཐུབ་ཡོད། མའོ་ནན་རིགས་ཀྱི་སྨྱུག་བསླས་ཞྭ་མོའི་བཟོ་རྩལ་དང་གླུད་རྫོངས་ཞབས་བྲོ་སོགས་མི་རིགས་རིག་རྩལ་དང་སྲོལ་རྒྱུན་དུས་ཆེན་འཇར་མན་དང་། ཐེ་ལན། རི་པིན་སོགས་རྒྱལ་ཁབ་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།