མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཞུང་ཁོངས་མ་རྩ་ཁག་གཅིག་གཞན་སྒྱུར་གྱིས་སྤྱི་ཚོགས་
འགན་སྲུང་ཐེབས་རྩར་ཁ་སྣོན་བྱེད་པའི་ལག་བསྟར་ཇུས་གཞི་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཞུང་ཁོངས་མ་རྩ་ཁག་གཅིག་གཞན་སྒྱུར་གྱིས་སྤྱི་ཚོགས་འགན་སྲུང་ཐེབས་རྩར་ཁ་སྣོན་བྱེད་པའི་ལག་བསྟར་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《ཇུས་གཞི་》དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད།
         《ཇུས་གཞིའི་》ནང་རང་རྒྱལ་གྱིས་གཅིག་གྱུར་བྱས་པའི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་བཙུགས་པ་ནས་བཟུང་། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་སྲུང་སྐྱོང་བྱེད་པ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་པའི་མི་སྣའི་ཁེ་དབང་འགན་ལེན་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་དུས་མཚུངས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་མི་འདང་བའི་གནས་ཚུལ་ངེས་ཅན་ཐོན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་འབོར་རྒན་རྒོན་ཅན་དུ་འགྱུར་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་གཏོང་སྤྲོད་ཀྱི་གནོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་དུས་མཚུངས་གཞུང་ཁོངས་མ་རྩ་ཁག་གཅིག་གཞན་སྒྱུར་གྱིས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བརྒྱབ་པ་བརྒྱུད་མི་དམངས་ཡོངས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། དམངས་འཚོར་བདེ་རྩ་ཆེ་རུ་གཏོང་བ། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་ཐེབས་པ་བཅས་བྱུང་ནས་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་ཕྱིན་ཡོད་ཅེས་བསྟན་ཡོད།
         《ཇུས་གཞིའི་》ནང་གཞན་སྒྱུར་ལས་དོན་ཐད་དམིགས་ཚད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་དམིགས་ཚད་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། མ་ལག་གི་འཆར་འགོད་མཐའ་འཁྱོངས་བྱས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་དམིགས་ཚད་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། ཕུགས་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩ་མི་འདང་བ་གསབ་རྒྱུའི་དམིགས་ཚད་དང་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ། རང་ཚུགས་གཉེར་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཐབས་ལམ་སྣ་ཚོགས་ཐོག་ནས་གྲབས་གསོག་བྱེད་པའི་སྲིད་ཇུས་ཀྱི་དམིགས་ཚད་དང་ཕན་ཚུན་ཟུང་འབྲེལ་བྱེད་དགོས་ཞེས་བསྟན་ཡོད།
         《ཇུས་གཞིའི་》ནང་དོན་གཙོ་བོའི་གྲས་སུ་གཤམ་གསལ་ཕྱོགས་ཁ་ཤས་ཚུད་ཡོད་པ་སྟེ། གཅིག་ནི་ཁྱབ་ཁོངས་དང་། བྱེད་ཡུལ། བསྡུར་གྲངས། ཁུར་ལེན་བྱེད་པོ་བཅས་གཞན་སྒྱུར་བྱེད་དགོས་པ་དེ་རེད། ཀྲུང་དབྱང་དང་ས་གནས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་གྱི་ཁེ་ལས་ཆེ་འབྲིང་རྣམ་པ་དང་། དངུལ་རྩའི་སྒྲིག་གཞི་གཞན་སྒྱུར་གྱི་ཁྱབ་ཁོངས་སུ་འཇུག་དགོས། སྤྱི་ཕན་རིགས་ཀྱི་ཁེ་ལས་དང་། རིག་གནས་ཁེ་ལས། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞི་བཅས་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་གཞན་དག་ཡོད་པ་ཕུད། གཞན་སྒྱུར་བསྡུར་གྲངས་དེ་ཁེ་ལས་ཀྱི་གཞུང་ཁོངས་རྐང་དབང་གི་10%དང་གཅིག་གྱུར་ཡིན། སྤྱི་ཚོགས་འགན་སྲུང་ཐེབས་རྩ་ལྷན་ཚོགས་དང་ཞིང་ཆེན(རང་སྐྱོང་ལྗོངས། གྲོང་ཁྱེར)གཞུང་ཁོངས་མ་རྩ་ཁེར་འཇོག་ཀུང་སི་སོགས་ནི་ཁུར་ལེན་བྱེད་པོ་ཡིན་པ་དང་། ནོར་དོན་མ་འཇོག་མཁན་ཞིག་ཡིན་པའི་ངོས་ནས་ཁེ་ལས་ཀྱི་རྒྱུན་གཏན་གཉེར་སྐྱོང་དོ་དམ་ལ་ཐེ་ཇུས་བྱེད་མི་ཆོག་པ་དང་། དེའི་ཡོང་སྒོ་གཙོ་བོ་རྐང་དབང་གི་ཁེ་སྤོགས་བགོ་བ་ལས་བྱུང་བ་ཡིན་པ་དང་། གཉིས་ནི་གཞན་སྒྱུར་གྱི་བརྒྱུད་རིམ་དང་གཞན་སྒྱུར་གྱི་གོ་རིམ་ཡིན་པ། སྔོན་ལ་ཚོད་ལྟ་དང་། རིམ་དབྱེ་སྒྲིག་འཛུགས། བརྟན་ཐོག་སྐུལ་འདེད་བཅས་ཀྱི་རྩ་དོན་གཞིར་བཟུང་གཞན་སྒྱུར་ལས་དོན་སྒྲུབ་དགོས། 2017ལོར་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁག་གཅིག་བདམས་ནས་ཚོད་ལྟ་བྱེད་དགོས་པ་དང་། 2018ལོ་དང་དེའི་རྗེས་སུ་ཁག་བགོས་ལས་དོན་སྤེལ་དགོས་པ། གསུམ་ནི་ལེ་ལག་ཚང་བའི་བྱ་ཐབས་གཞན་སྒྱུར་བྱེད་དགོས། ཇུས་གཞི་དེ་བཀྲམ་པའི་ཉིན་ནས་བཟུང་གཞན་སྒྱུར་ཁྱབ་ཁོངས་ནང་ཁེ་ལས་ལ་གཞུང་ཁོངས་རྐང་དབང་འགྱུར་ལྡོག་ཕྱིན་པ་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་དོན་ཚན་ཐད་ཁེ་ལས་ཀྱི་སྒྱུར་བཅོས་ཇུས་གཞི་དེ་གཞུང་ཁོངས་མ་རྩ་གཞན་སྒྱུར་ཇུས་གཞི་དང་མཉམ་དུ་སྤྱི་འདོམས་བསམ་གཞིག་བྱེད་དགོས། གཞུང་ཁོངས་རྐང་དབང་གཞན་སྒྱུར་གྱི་ཁེ་སྤོགས་ལུགས་མཐུན་བགོ་བའི་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། ཁུར་ལེན་བྱེད་པོར་དབང་བའི་གཞུང་ཁོངས་མ་རྩའི་ཡོང་འབབ་དེ་རིམ་པ་གཅིག་མཚུངས་སྡེ་ཚན་གྱིས་དུས་ཚོད་འོས་འཚམ་ནང་བསྡུས་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་མི་འདང་བ་གསབ་པའི་ཐད་ཆེད་མངགས་སྤྱོད་དགོས། ཇུས་གཞི་འདི་བཀྲམ་པའི་ཉིན་ནས་བཟུང་ད་ལྟ་ལག་ལེན་བསྟར་བཞིན་པའི་གཞུང་ཁོངས་མ་རྐང་གཞན་སྒྱུར(ཉུང་གཏོང)དབང་བ་དང་གྲབས་གསོག་བྱེད་པའི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་སྲིད་ཇུས་ལག་ལེན་བསྟར་མཚམས་འཇོག་རྒྱུ་ཡིན།
         《ཇུས་གཞིའི་》ནང་སྒྲིག་འཛུགས་ལག་བསྟར་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ནས་གཞན་སྒྱུར་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དེ་རེད།