འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཐེངས་45པ་ཕུན་སུམ་ཚོགས་པོའི་ངང་
    ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན། གསར་འགོད་པར་རྒྱལ་ཁབ་རྒྱ་མཚོ་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་18ཉིན“ཉི་གཏད་དམར03”རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱིས་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ལས་འགན་ཐེངས་45པ་ལེགས་སྒྲུབ་ཟིན་ནས་ཞ་མོན་དུ་ཕྱིར་ལོག་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱ་མཚོ་ཆེ་མོའི་བརྟག་དཔྱད་ནི་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱ་མཚོའི་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཡོངས་ལ་ཕྱོགས་བསྡུས་རྟོག་ཞིབ་བྱེད་ཐེངས་ཐོག་མ་དེ་ཡིན་ལ་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་རྒྱ་མཚོའི་ཞིབ་འཇུག་སུའོ་གསུམ་པས་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ལས་འགན་ཐོག་མར་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་ཀྱང་ཡིན་པ་དེར་ཉིན་130ཙམ་འགོར་ཡོད་པ་དང་ལམ་ཐག་མཚོ་ལེ་ཁྲི་1.5ལྷག་ཙམ་སྐྱོད་ཡོད་པ་རེད། ད་ཐེངས་ནི“ཉི་གཏད་དམར03”རྟགས་ཅན་གྱིས་རྒྱ་མཚོ་ཆེ་མོའི་ཚན་རིག་བརྟག་དཔྱད་ལས་འགན་ལག་བསྟར་བྱེད་ཐེངས་ཐོག་མ་དེའང་རེད།
         རྒྱ་མཚོ་ཆེ་མོར་གྲུ་གཟིངས་གཏོང་ཐེངས་45ཡི་དབུ་བཞུགས་ཚན་རིག་མཁས་ཅན་ལིན་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རྒྱ་མཚོའི་གཏིང་ཟབ་ཀྱི་སྣོད་བཅུད་ཁོར་ཡུག་བརྟག་དཔྱད་དང་སྲུང་སྐྱོང་དང་། ཆུ་དཔྱད་དང་གནམ་གཤིས་ཁོར་ཡུག་བརྟག་དཔྱད་སོགས་ཀྱི་ནང་དོན་གཙོ་བོར་དམིགས་ཏེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོ་སོགས་སུ་གྲུ་ལམ་དུམ་བུ་3གྱི་ཚན་རིག་རྟོག་ཞིབ་བྱས་པ་མ་ཟད་རང་རྒྱལ་གྱི་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་དང་ཚན་རྩལ་གྲུབ་འབྲས་མང་པོ་བླངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།