འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་དབན་གྱི་འཁྲབ་སྟོན་ལས་ཁང་གིས་སྐམ་ས་ཆེ་མོར་རོལ་དབྱངས་ཀྱི་འཁྲབ་གཞུང་
    《ཤམ་བྷ་ལའི་འཕྲེང་སེམས་》ཞེས་པ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟློས་གར་གྱི་འཁྲབ་ཁྲིད་པ་གྲགས་ཅན་ལའེ་ཧྲེང་ཁྲོན་གྱིས་སྣེ་ཁྲིད་པའི་ཐའེ་དབན་གྱི་འཁྲབ་སྟོན་ལས་ཁང་གིས་ཉེ་ཆར་སྐམ་ས་ཆེ་མོར་གསར་རྩོམ་གྱི་རོལ་དབྱངས་འཁྲབ་གཞུང་《ཤམ་བྷ་ལའི་འཕྲེང་སེམས་》ཞེས་པ་དེ་ཟླ་12པར་ཧྲང་ཧའེ་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         2000ལོར་ལའེ་ཧྲེང་ཁྲོན་སོགས་ཀྱིས་ཐའེ་དབན་དུ་གར་སྟེགས་ཟློས་གར་《འདི་གར་ཤམ་བྷ་ལ་ཡིན་》ཞེས་པ་འཁྲབ་སྟོན་བྱས་ནས་རོལ་དབྱངས་ཟློས་གར་གྱི་ཁྱད་ཆོས་ཐའེ་དབན་གྱི་འཁྲབ་སྟོན་ལས་ཁང་གི་གར་སྟེགས་བརྩམས་ཆོས་ནང་ཐོག་མར་བཅུག་ཡོད། ལོ་17གྱི་རྗེས་སུ་《འདི་གར་ཤམ་བྷ་ལ་ཡིན་》ཞེས་པ་མ་ཕྱིར་བྱས་ནས་རོལ་དབྱངས་ཟློས་གར་《ཤམ་བྷ་ལའི་འཕྲེང་སེམས་》ཞེས་པ་རྩོམ་སྒྲིག་དང་གསར་རྩོམ་བསྐྱར་མ་བྱས་ཏེ་སྐམ་ས་ཆེ་མོར་དངོས་སུ་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། ལའེ་ཧྲེང་ཁྲོན་གྱིས་ཐའེ་དབན་འཁྲབ་སྟོན་ལས་ཁང་གིས་སྐམ་ས་ཆེ་མོའི་ལྟད་མོ་བར་གར་སྟེགས་ཀྱི་མྱོང་རོལ་གསར་པ་ཞིག་སྦྱིན་ཐུབ་རྒྱུའི་ངོས་འཛིན་གྱི་ཡོད།
         《ཤམ་བྷ་ལའི་འཕྲེང་སེམས་》ནང་ཚོང་པ་ཝང་དབྱི་ཧྥན་གྱི་ཟུར་ཚད་ནས་ཁོང་གིས་ཐོག་མར་ཕྱེ་མ་ལེབ་ཀྱི་དངོས་དཔེ་ལྐོག་འཚོང་བྱས་ཏེ་ཕྱུག་པོ་ཆགས་པ་དང་ཕྱིས་སུ་མི་སེམས་འགུལ་བའི་ཁྱིམ་ཚང་གི་བརྩེ་དུང་གཏམ་རྒྱུད་བྱུང་ཚུལ་བརྗོད་དེ“མི་དང་རང་བྱུང་ཁམས”དང“བརྩེ་དུང་དང་མི་ཚེ”སོགས་ཡོངས་ཁྱབ་ཀྱི་བརྗོད་གཞི་དང་བསམ་གཞིག་བྱ་གཞི་ཞིག་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།