འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་《ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་
    གནོད་འཚེ་འགོག་བཅོས་སྲོལ་ཡིག་》ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་《ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་འགོ་བརྩམས་པ་དང་། དེ་ནི་ཞིང་ལས་སྐྱེ་དངོས་ལ་ནད་འབུའི་གནོད་འཚེ་འགོག་བཅོས་སྔར་ལས་ལེགས་པ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་བདེ་འཇགས་དང་ཞིང་ལས་ཐོན་ཟོག་གི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་སྔར་བས་བྱ་ཆེད་ཡིན་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་བསྡུ་ལེན་བསམ་འཆར་གྱི་གསལ་བཤད་ནང་། མིག་སྔར་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་ཀར་བྱེད་པོའི་འགན་འཁྲི་ཁ་གསལ་མེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་ལས་ཀ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལྷག་ཡོད་པས། ཁྲིམས་བཟོས་ཏེ་ཚད་ལྡན་དང་འགན་ལེན་བྱེད་དགོས་གལ་ཆེན་པོ་ཡོད་ཅེས་བསྟན་ཡོད་པ་རེད།
        བསམ་འཆར་མ་ཟིན་ནང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་འགོག་བཅོས་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་གཙོ་འགན་དོ་དམ་སྡེ་ཚན་གྱིས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་འགོག་བཅོས་དང་ལྟ་སྐུལ་དོ་དམ་གྱི་ལས་ཀར་འགན་འཁུར་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་བསམ་འཆར་མ་ཟིན་ནང་། ཞིང་ལས་ཐོན་སྐྱེད་དང་གཉེར་སྐྱོང་མཁན་གྱིས་ཐོན་སྐྱེད་གཉེར་སྐྱོང་ཁྱབ་ཁོངས་སུ་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་དགོས་པ་མ་ཟད། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་སྔོན་འགོག་ཚོད་འཛིན་ལས་ཀར་གཞོགས་འདེགས་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
         བསམ་འཆར་མ་ཟིན་ལྟར་ན། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་རིགས་དང་པོ་དང་གཉིས་པ་ཐོན་སྐབས། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འགོག་བཅོས་འགྲོ་སོང་ཁ་གསབ་བྱེད་དགོས་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་ཀ་སྤེལ་རིང་། བཏབ་པའི་ཞིང་ལས་སྐྱེ་དངོས་དང་དེའི་ཐོན་རྫས་སྤྱི་པའི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་བཙན་ཤེད་ཀྱིས་མེད་པར་བཟོ་དགོས་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁ་གསབ་སྤྲོད་དགོས་ཀྱི་ཡོད་པ་རེད།
         གཞན་ཡང་བསམ་འཆར་མ་ཟིན་ནང་། རྒྱལ་ཁབ་ཀྱིས་སྣོད་བཅུད་བཅོས་སྐྱོང་དང་། སྐྱོན་བྲལ་འདེབས་འཛུགས། སྐྱེ་དངོས་འགོག་བཅོས། དངོས་ཁམས་འགོག་བཅོས་སོགས་ལྗང་མདོག་གི་སྔོན་འགོག་ཚོད་འཛིན་ལག་རྩལ་དང་སྔོན་ཐོན་གྱི་སྨན་གཏོར་ཡོ་ཆས་དང་དེ་བཞིན་བདེ་འཇགས་དང་། ནུས་ཆེ། གོང་ཁེ་བཅས་ཀྱི་ཞིང་སྨན་སྤྱོད་པར་ལྕག་སྐུལ་དང་རྒྱབ་སྐྱོར་དང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད་པ་རེད།
         སྤྱི་ཚོགས་ཐོག་གི་སྤྱི་དམངས་ཀྱིས་2017ལོའི་ཟླ་12ཚེས་17ཉིན་གོང་ཀྲུང་གོ་སྲིད་གཞུང་ཁྲིམས་ལུགས་ཆ་འཕྲིན་དྲ་རྒྱར་འཛུལ་ནས་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།