འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་དོ་དམ་གྱི་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་16ཉིན་འཚོགས་པའི་རྒྱལ་ཁབ་ཀྲུང་གོའི་གསོ་བ་རིག་པའི་དོ་དམ་ཅུས་ཀྱི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་བཀའ་རྒྱ་ཨང་14པ་ཁྱབ་བསྒྲགས་བྱས་ཏེ་《ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་གི་གྲབས་ཐོ་འགོད་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་》པར་འགྲེམས་བྱས་ནས་ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་ལ་ཆོག་འཐུས་དོ་དམ་བྱེད་པ་ནས་གྲབས་ཐོ་འགོད་པའི་དོ་དམ་བྱེད་སྟངས་སུ་བསྒྱུར་ཏེ་ལས་སྒྲུབ་གོང་ཞིབ་བཤེར་ཆོག་མཆན་ཆོག་འཐུས་སྤྲོད་རྒྱུ་མེད་པ་བཟོས་པ་མ་ཟད། ལས་ཀ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
         རྒྱལ་ཁབ་ཀྲུང་གོའི་གསོ་བ་རིག་པའི་དོ་དམ་ཅུས་བཅའ་ཁྲིམས་ལྟ་སྐུལ་སིའི་སི་ཀྲང་ཡུས་ཧའེ་ཡང་གིས་བྱེད་ཐབས་ཀྱི་གཏན་འབེབས་གཞིར་བཟུང་། ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་འཛུགས་པའི་ཆ་རྐྱེན་དང་མཐུན་རིགས་གྲབས་ཐོ་འགོད་རྒྱུར་བསྐྱལ་བའི་དཔྱད་གཞི་སྨན་བཅོས་ཁང་འཛུགས་རྩིས་བྱེད་སའི་ས་ཁུལ་དང་རྫོང་རིམ་པའི་ཀྲུང་གོའི་གསོ་བ་རིག་པའི་གཙོ་གཉེར་སྡེ་ཚན་དུ་སྐྱེལ་དགོས་པ་དང་རྫོང་རིམ་པའི་ཀྲུང་གོའི་གསོ་བ་རིག་པའི་གཙོ་གཉེར་སྡེ་ཚན་གྱིས་དཔྱད་གཞི་འབྱོར་རྗེས་དཔྱད་གཞི་ཆ་ཚང་ལ་གྲབས་ཐོ་འགོད་པའི་བླང་བྱ་དང་མཐུན་ཚེ་གྲབས་ཐོ་འགོད་པ་མ་ཟད། རང་སར་《ཀྲུང་ལུགས་གསོ་རིག་སྨན་བཅོས་ཁང་གི་གྲབས་ཐོ་འགོད་པའི་ལག་ཁྱེར་》ཡང་སྤྲོད་དགོས། གྲབས་ཐོ་འགོད་མཁན་གྱིས་ལག་ཁྱེར་རག་རྗེས་ལས་གཉེར་བྱེད་སྒོ་སྤེལ་ཆོག དེ་དང་ཆབས་ཅིག་བྱེད་ཐབས་ནང་རྫོང་རིམ་པའི་ཀྲུང་གོའི་གསོ་བ་རིག་པའི་གཙོ་གཉེར་སྡེ་ཚན་གྱིས་ཀྲུང་ལུགས་སྨན་བཅོས་ཁང་གི་གྲབས་ཐོ་བཀོད་རྗེས་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབ་དགོས་པའི་གཏན་འབེབས་བྱས་ཡོད་པས་ཀྲུང་ལུགས་སྨན་བཅོས་ཁང་གི་གྲབས་ཐོ་བཀོད་རྗེས་བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཤུགས་ཆེ་རུ་གཏོང་བའི་་བླང་བྱ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།