འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས། "ཡུལ་སྐད་སྒྲོག་འགྲེལ"གྲོང་སྡེ་དང་སྦྲ་གུར་དུ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སྨན་བཅོས་འགན་བཅོལ་ཡོད་པས། རང་ཉིད་སླར་ཡང་གསོན་པོར་གནས་བྱུང”ཞེས་སྒྲོག་འགྲེལ་པས་ཨ་མདོའི་སྐད་ཆུ་རྒྱུག་རྒྱུག་ཅིག་བརྒྱབ་ནས“གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ”ཞེས་པ་ཤོད་སྐབས། ས་བབ་སྨི་4300ཡི་སར་གནས་པའི་སེར་ཤུལ་རྫོང་དགེ་མང་ཤང་དགེ་མང་གྲོང་ཚོ་གསུམ་པའི་གྲོང་མི་དཀོན་མཆོག་སྒྲོལ་མར་མྱོང་ཚོར་ཟབ་མོ་ཡོད་པ་རེད།
         ཤོད་ཀྱིན་དུ་ཁོང་གིས་ཚང་མར་གཤགས་བཅོས་བྱས་པའི་རྨ་ཁ་སྟོན་བཞིན་ཡོད། དཀོན་མཆོག་སྒྲོལ་མར་ཐུམ་འབུའི་ནད་ཀྱི་གཤགས་བཅོས་བྱས་ནས་ཡུན་རིང་སོང་མེད་པ་དང་། ད་ཆ་ཁོང་གི་ངལ་རྩོལ་ནུས་ཤུགས་སླར་གསོ་ཐུབ་ཡོད། དེ་ཉིན་ཨ་ཕ་མ་ཉིའི་རོགས་པའི་འོག་ཁོང་གིས་པགས་ཚགས་མཐུག་པོ་ཞིག་གྱོན་ནས་མི་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྒྲོག་འགྲེལ་སྙན་ཞུ་ཉན་པ་རེད།
         འདབ་པ་རྫོང་ཡར་གྲོང་གྲོང་ཚོར་སྒྲོག་འགྲེལ་པ་རྒྱ་མས་ཁམས་སྐད་ཐོག་ནས་གྲོང་མི་ཚོར་སྒྲོག་འགྲེལ་བྱས་པ་རེད། གྲོང་མི་དོན་གྲུབ་བསམ་གཏན་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་བཏོན་ནས་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་བཏང་བ་སོགས་ཀྱི་སྲིད་ཇུས་གསལ་འགྲེལ་ཉན་རྗེས་དགའ་ཚོར་ཚད་མེད་བྱེད་བཞིན་མཆིས།
         དོན་གྲུབ་བསམ་གཏན་གྱིས་གྲོང་ཚོའི་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཚང་མ་ཤར་གཏོང་ཐུབ་པས་མི་དེ་བས་མང་བ་གནས་དེ་གར་ཡུལ་སྐོར་མ་འཇོག་བྱེད་པར་ཡོང་གི་ཡོད་པ་དང་ངའི་ཁྱིམ་གྱི་ཁང་པ་དང་ས་ཞིང་ཚང་མ་གྲོང་གསེབ་ཀྱི་ཡུལ་སྐོར་རྒྱུད་འབྲེལ་ཨར་ཁང་ལ་མ་འཇོག་བྱས་པར་འདི་ལོ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་། སྲིད་ཇུས་དེ་ཡོད་པས་ང་ཚོས་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་ཕོད་པ་དང་ཕྱི་ལོ་ཡོང་འབབ་དེ་བས་མང་བ་ཡོང་རེ་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཀྲོའུ་ཡིས་ལས་བྱེད་པའི་སྒྲོག་འགྲེལ་ཚོགས་པ་19བཙུགས་ནས“སྣེ་ཁྲིད་སྒྲོག་འགྲེལ”བྱས་པ་དང་། རྐང་འཛིན་ལས་བྱེད་པ31སྐོང་འཐེན་བྱས་ནས་ཀྲོའུ་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས“རྒྱ་ཁྱབ་སྒྲོག་འགྲེལ”བྱས་པ། རྫོང(གྲོང་ཁྱེར)ཨུད་ཀྱིས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས“ཡོངས་ཁྱབ་སྒྲོག་འགྲེལ”དང་ལས་ཁུངས་དང་ལས་རིགས་སྡེ་ཚན་ཁག་གི“ཁོངས་གཏོགས་སྒྲོག་འགྲེལ”བཙུགས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད།
         སྒྲོག་འགྲེལ་བྱེད་སྐབས་རྒྱ་སྐད་དང་། ཨ་མདོའི་སྐད། ཁམས་སྐད་སོགས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཀྱིས་ཉན་ཐུབ་པ་དང་། དང་ལེན་བྱེད་བདེ་བ། མི་སེམས་ལ་ཟུག་པ་བཅས་བྱུང་ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་པ་སངས་རྒྱས་ཉི་མས་ཉག་ཆུ་ཁར་སྒྲོག་འགྲེལ་བྱས་རྗེས་ངས་ཚོགས་ཆེན་བཅུ་དགུ་པའི་སྒྲོག་འགྲེལ་ཐེངས་60ལྷག་ཙམ་བྱས་པ་ཡིན། སྒྲོག་འགྲེལ་སྔར་བས་གཏིང་ཟབ་བྱས་ནས་སྲིད་ཇུས་དང་ཏང་གི་ཐུགས་ཁུར་གནང་ལུགས་དེ་བས་མང་བ་སྦྲ་གུར་དང་གྲོང་ཚོར་བརྒྱུད་བསྒྲཌ་བྱས་པ་ཡིན་ཞེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།