འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་ཁྱེར་གྱི་ཁྲིམས་བསྟར་སྒྲིག་གཞི་སྒྱུར་བཅོས་དང་དོ་དམ་ལ་འཕེལ་ཚུལ་བཟང་
    པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་སྡོད་ཁང་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཉི་ཧུང་གིས་རང་རྒྱལ་གྱི་གྲོང་ཁྱེར་གྱི་ཁྲིམས་བསྟར་སྒྲིག་གཞི་སྒྱུར་བཅོས་དང་དོ་དམ་ལ་འཕེལ་རིམ་བཟང་པོ་ཐོན་པས་གྲོང་ཁྱེར་གྱི་ཁྲིམས་བསྟར་སྒྲིག་གཞི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད་ཅེས་བཤད།
         ཉི་ཧུང་གིས་ཅང་སུའུ་ཞུས་ཀྲོའུ་རུ་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དོ་དམ་ལས་དོན་གྱི་ས་གནས་ས་ཐོག་ཚོགས་འདུ་དང་གྲོང་ཁྱེར་གྱི་ཁྲིམས་བསྟར་སྒྲིག་གཞི་སྒྱུར་བཅོས་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག་བཤད་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་ནས་ལག་བསྟར་ཇུས་གཞི་ཞིབ་འཇུག་གཏན་འཁེལ་དང་། སྒྲིག་འཛུགས་ཞིབ་ཚགས་ཀྱིས་དོན་འཁྱོལ། སྒྲིག་གཞི་དང་སྒྲིག་སྲོལ་ལ་བསྟུན་པ་བཅས་བྱས་པས་འགན་འཁྲི་ཕན་ཚུན་འདྲེན་པའི་གནད་དོན་བསལ་བ་དང་། ཕྱོགས་བསྡུས་ཁྲིམས་བསྟར་ལ་སྐུལ་འདེད་བཏང་བས་ཕྱོགས་མང་གིས་ཁྲིམས་ལག་བསྟར་བྱེད་པའི་གནད་དོན་བསལ་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“རྨང་གཞི་བརྟན་གཏོང་དང་། སྤྱོད་ཚུལ་ལེགས་གཏོང་། གཟུགས་བརྙན་གཏོད་པ”བཅས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བས་དཔུང་ཁག་གི་འཇོན་ཐང་ཆེ་རུ་དང་གཟུགས་བརྙན་ལེགས་སུ་ཕྱིན་པ། ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་བས་སྲིད་འཛིན་ཁྲིམས་བསྟར་གྱི་ཕན་འབྲས་ཆེ་རུ་ཕྱིན་པ། བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་པས་དོ་དམ་ཞིབ་ཚགས་དང་གནད་སྨིན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་རེད།
         2017ལོའི་ཟླ་གསུམ་པ་ནས་ཟླ་བཅུ་པ་བར་སྡོད་ཁང་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དོ་དམ་གྱི་ཁྲིམས་བསྟར་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་རེས་སྐོར་གསོ་སྦྱོང་བྱས་ནས་ལས་བྱེད་པ་5000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གྲོང་ཁྱེར་དོ་དམ་སྡེ་ཚན་ཁག་གིས་གྲོང་ཁྱེར་དོ་དམ་གྱི་ཁྲིམས་བསྟར་ཁོའོ་རིམ་པའི་ལས་བྱེད་པའི་གཅིག་སྡུད་རེས་སྐོར་གསོ་སྦྱོང་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་གྲོང་ཁྱེར་མང་པོ་ཞིག་གིས་ད་དུང་ཁོའོ་རིམ་པ་མན་གྱི་གྲོང་ཁྱེར་དོ་དམ་གྱི་ཁྲིམས་བསྟར་ལས་བྱེད་པའི་གཅིག་སྡུད་གསོ་སྦྱོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།