འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་དྲ་བས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དམིགས་བསལ་གནས་འཕྲིན་ཆེད་
    སྤེལ་དང་ཆེད་སྤེལ་ཁུལ་གསར་དུ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 18:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མི་དམངས་དྲ་བས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དམིགས་བསལ་གནས་འཕྲིན་ཆེད་
སྤེལ་དང་ཆེད་སྤེལ་ཁུལ་གསར་དུ་བཏོད་པ།
    ​     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། གསེར་མདོག་ལམ་ལམ་འཕྲོ་བའི་སྟོན་དུས་འདི། གཟབ་རྒྱས་ཚོགས་ཆེན་འཚོགས་པའི་དུས་བཟང་དང་འཕྲད། ལོ་ངོ་5ཡི་རིང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། རྒྱལ་ཡོངས་མི་དམངས་ཡོངས་ཀྱིས་མགོ་བོ་བཏེག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པར་རེ་སྒུག་བྱེད་པའི་སྐབས་འདིར། མི་དམངས་དྲ་བ·ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ་ཡིས་དེ་རིང་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྨྱན་སྦྱོར་མཉམ་འདྲེས་གནས་འཕྲིན་ཆེད་སྤེལ་དང་། མི་དམངས་དྲ་བའི་དྲ་ངོས་མགོ་མའི་སྟོད་ཁག་ཏུ་ངོ་མཚར་ཆེ་བའི་ཆེད་དོན་སྤེལ་ཁུལ་གསར་དུ་བཏོད་པ་རེད།
         ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་རྒྱལ་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པའི་དུས་སྐབས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་གནད་འགག་ཆེ་བའི་དུས་སྐབས་སུ་སྐོང་འཚོག་བྱེད་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཐེངས་ཤིག་ཡིན་ཞིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པའི་ཇུས་གཞི་འཆར་འགོད་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏིང་ཟབ་པོ་གཏོང་རྒྱུའི་གལ་ཆེའི་ལས་འགན་ཁུར་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཆེན་པོ་ཡོད་པ། རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཆེན་པོ་ཡོད་པ་བཅས་རེད། མི་དམངས་དྲ་བ·ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དམིགས་བསལ་གནས་འཕྲིན་ཆེད་སྤེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"7·26"གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་དམ་པོར་དམིགས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ཏེ་དྲ་གྲོགས་རྣམས་ཁྲིད་དེ་སྤྱི་བཏང་བ་ཞིག་གཏན་ནས་མ་ཡིན་པའི་ལོ་5ལ་ཕྱི་མིག་ལྟ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་རྒྱང་སྐྱོད་ཀྱི་ལམ་གསར་པར་མ་འོངས་སྔོན་དཔག་བྱ་རྒྱུ་རེད།
         ངོ་མཚར་ཆེ་བའི་ལོ་ངོ་ལྔ་བོ་འདི་ཡིས་ཀྲུང་གོའི་ཉམས་འགྱུར་དང་གྲུབ་འབྲས་གླེང་བ།
         མི་དམངས་དྲ་བ·ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་འཕྲིན་ཆེད་སྤེལ་ཇུས་འགོད་བྱེད་པའི་ཐད་གསར་གཏོད་བྱས་ཡོད་ཅིང་། ཇུས་འགོད་གཙོ་བོར་ཀྲུང་གོ་རྣམ་པ་ཞེས་པར་ཆུ་ཚོན་ཀྲུང་གོའི་ཉམས་འགྱུར་གྱིས་མཚོན་ཚུལ་ཧ་ཅང་ཆེན་པོའི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ནས་བཟུང་ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བློ་བརྟན་འགྱུར་མེད་བྱས་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ། ཏང་གིས་འདུ་ཤེས་འཛིན་སྟངས་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་གཙོ་གནད་དུ་བཟུང་སྟེ་འགྲེམས་སྟོན་བྱས་པ་རེད།
         རང་གི་གསར་རྩོམ་གནས་འཕྲིན་མཐོང་རུང་ཅན་དུ་བསྒྱུར་ཅིང་རྙིང་དོར་གསར་འཛུགས་སྨྱན་སྦྱོར་དང་མཉམ་འདྲེས་བྱས་པ།
         མི་དམངས་དྲ་བ·ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་འཕྲིན་ཆེད་སྤེལ་ནི་pcམཐུད་ཁ་དང་སྤོ་འགུལ་མཐུད་ཁ་པར་གཞི་གཉིས་སུ་ཕྱེ་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ཚོགས་ཆེན་གྱི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་འཁོར་བའི་འགྲེམས་བསྒྲགས་བྱེད་ཀྱི་ཡོད་ལ། ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཉམས་འགྱུར་དང་། འགན་འཁྲི་སྒྲུབ་པའི་གནས་ཚུལ་ལ་དོ་སྣང་བྱས་ཚུལ་ཡང་སྤེལ་ཡོད་ཅིང་། ད་དུང་མི་སེར་དཀྱུས་མ་ཚོར་དོ་ཁུར་བྱས་ནས་ཁོང་ཚོའི་རེ་བ་དང་བསམ་འདུན་ཡང་གནས་འཕྲིན་སྤེལ་བ་རེད།
         སྨྱན་སྦྱོར་ལས་ཁུངས་གསར་པའི་ཁྱབ་སྤེལ་ཁྱད་ཆོས་ལ་འཚམས་པར་བྱ་ཆེད། མི་དམངས་དྲ་བས་རང་ཉིད་ཁོ་ནའི་རང་ཚུགས་གསར་རྩོམ་གནས་འཕྲིན་སྤེལ་བ་ཇུས་འགོད་བྱེད་སྐབས་གསར་རྩོམ་བྱེད་ཐབས་ལ་གཙིགས་སུ་དམིགས་བསལ་བཟུང་སྟེ་ཡིག་རིས་སྒྲ་ཟློས་དང་སྨྱན་སྦྱོར་གྱི་གནས་འཕྲིན་ལེགས་པོ་མཉམ་འདྲེས་ཀྱི་ལེ་ཚན་མང་པོ་ཞིག་གསར་དུ་བཏོད་པ་རེད།
         ཆེད་སྤེལ་གྱི་ནང་དུ་ཕན་ཚུན་སྐུལ་འདེད་ཀྱི་ལེ་ཚན་ཡང་ཕུན་སུམ་ཚོགས་པ་ཡོད་པ་སྟེ། "ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་སྨོན་ཚིག་ཕུལ་བ·ཏང་ལ་སྙིང་གཏང་བཤད་པ"ཞེས་པ་དང་། "སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དགའ་བསུ་ཞུ"ཞེས་པ། དྲ་ཐོག་བྱ་དགའ་ཡོད་པའི་ཤེས་བྱ་འགྲན་བསྡུར་སོགས་ཀྱི་ལེ་ཚན་ཐོག་འཕྲིན་པང་དང་པོད་ཕྲན། ལག་འཁྱེར་ཁ་པར་སོགས་ཀྱི་ལས་སྟེགས་བརྒྱུད་ནས་ཕན་ཚུན་སྐུལ་འདེད་སྤེལ་བས། དྲ་གྲོགས་མང་པོ་འདིར་ཞུགས་པར་བཀུག་པ་རེད།
          ཆེད་སྤེལ་གྱིས་ད་དུང“སྨྱན་སྦྱོར་ཡོངས”ཀྱི་ཁྱད་ཆོས་མངོན་གསལ་མཚོན་པར་བྱས་ནས་པོད་ཕྲན་དང་། འཕྲིན་ཕྲན། སྤོ་འགུལ་མཁོ་མཁན་ཕྱོགས། རྒྱལ་ཕྱིའི་སྨྱན་སྦྱོར་ལས་ཁུངས་སོགས་སྨྱན་སྦྱོར་     ལས་སྟེགས་གསར་པ་ཡང་གནས་འཕྲིན་སྤེལ་བའི་དཔུང་ཁག་ཏུ་ཞུགས་པ་རེད།
         རང་ཉིད་གཅིག་པུས་ཇུས་འགོད་བྱས་པ་ཡོངས་མངོན་པར་གསལ་ཞིང་། འཛམ་གླིང་ཡོངས་ཀྱིས་གཟབ་རྒྱས་ཆེ་བའི་ཚོགས་ཆེན་ལ་ལྟ་བ།
         མི་དམངས་དྲ་བའི་ཆེད་སྤེལ་གྱིས་རྒྱ་ཡིག་ཐོག་ནས་འགྲེམས་བསྒྲགས་བྱེད་ཀྱི་ཡོད་པ་ཕུད། ད་དུང་སོག་ཡིག་དང་། བོད་ཡིག ཡུ་གུའི་ཡི་གེ། ཧ་སག་གི་ཡི་གེ ཁོ་རེ་ཡའི་ཡི་གེ་སོགས་གྲངས་ཉུང་མི་རིགས་ལྔའི་ཡི་གེའི་པར་གཞི་དང་། དབྱིན་ཡིག་དང་། ཉི་ཧོང་ཡི་གེ ཧྥ་རན་སེའི་ཡི་གེ སེ་ཕན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ ཁོ་རེ་ཡ་ལྷོ་མའི་ཡི་གེ འཇར་མན་གྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ་སོགས་ཕྱི་རྒྱལ་གྱི་ཡིག་རིགས་9ཡི་པར་གཞི་ཡང་ཡོད་ལ། ཆུ་ཚོད་24རིང་དུ་འཛམ་གླིང་ཡོངས་ལ་འགྲེམས་བསྒྲགས་བྱ་རྒྱུ་རེད། དེའི་ཁྲོད་དུ་ཡིག་རིགས་མང་པོའི་རང་ཚུགས་གསར་རྩོམ་བརྙན་འཕྲིན་ཐུང་བ"ཀྲུང་གོ་མཐོང་བ"ཞེས་པའི་ལེ་ཚན་ནི་རྒྱལ་སྤྱིའི་མཐོང་ལམ་དང་མི་རྣམས་སྤྲོ་སེམས་འཁོལ་དུ་འཇུག་པའི་བརྙན་འཕྲིན་ཐུང་ཞིང་སྟོན་མྱུར་མགྱོགས་པའི་གནས་ཚུལ་ཞིབ་བརྗོད་བྱ་ཐབས་ཐོག་ནས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ཞིབ་གླེང་བྱ་རྒྱུ་དང་། འཛམ་གླིང་ཀྱི་མཛེས་དཔྱད་ལྟ་བ་དང་མཐུན་པའི་ཀྲུང་གོའི་ལྟ་བ་གསར་སྐྲུན་བྱ་རྒྱུ་ཡིན་ཞིང་། ལེ་ཚན་གྱི་ནང་དོན་ལ་བརྩེ་སེམས་དང་དྲོ་སྐྱིད། ཕན་ནུས་བཅས་ལྡན་པས་ཕྱི་རྒྱལ་གྱི་ཀློག་པ་ཚོས་བསྟོད་བསྔགས་དང་བརྒྱུད་སྤེལ་ཧུར་ཐག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།