འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དུད་སྣེ་དངོས་སུ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ལ་ཉེ་བའི་མཚམས་སུ་ཚེས་15ཉིན་གྱི་སྔ་དྲོ་མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དུད་སྣེ་འདོན་པའི་མཛད་སྒོ་མི་དམངས་ཉིན་རེའི་ཚགས་པར་ཁང་སྨྱན་སྦྱོར་གསར་པའི་ཐོག་ཁང་ཆེ་མོར་གཉེར་ཞིང་། འབྲེལ་ཡོད་པུའུ་ཨུད་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་འགའ་ཞིག གསར་འགྱུར་སྨྱན་སྦྱོར་དང་སློབ་གསོའི་ལས་རིགས་ཀྱི་འཐུས་མི་བཅས་སྐུ་མགྲོན་བརྒྱ་ཙམ་དེ་ཉིན་གྱི་མཛད་སྒོར་ཕེབས་པ་རེད།
           མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་དབྱང་ཀྲེན་ཝུའུ་ཡིས་དབྱིན་ཡིག་དུད་སྣེ་འདོན་པའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་པ་རེད། ཁོང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དུད་སྣེ་བཟོ་བ་ནི་དུས་བབ་དང་ལས་འགན་གསར་པ་དང་མཐུན་པ་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་རྒྱལ་སྤྱིར་ཁྱབ་སྤེལ་སྔར་བས་ཡག་པོ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དུད་སྣེ་སྟོན་ཕྱོགས་ཡང་དག་པ་དང་། ནང་དོན་ལེགས་པ། ལག་རྩལ་སྔོན་ཐོན། ནུས་པ་ཆེ་བ། དབྱིན་ཡིག་ཚགས་པར་ལྟ་མཁན་འདྲེན་འགུག་བྱ་རྒྱུར་ཕན་འདོགས་པ་བཅས་ཀྱི་སྒུལ་བདེ་དྲ་སྦྲེལ་གྱི་ཕྱི་ཕྱོགས་ལས་སྟེགས་ཤིག་ཏུ་འགྱུར་བ་བྱ་རྒྱུ་མ་ཟད། དེ་གོ་སྐབས་སུ་བྱས་ཏེ་མགྱོགས་མྱུར་ཚོགས་ཆེན་བཅུ་དགུ་པའི་དྲིལ་བསྒྲགས་སྤེལ་གཏོང་གི་ལས་དོན་ལ་ཞུགས་ཏེ་འཛམ་གླིང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྐད་སྒྲ་གསར་ཤོས་དང་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་གསར་ཤོས་བརྒྱུད་སྤྲོད་བྱེད་པ་དང་། དེ་གཞི་རྟེན་དུ་བྱས་ཏེ་ཀྲུང་གོའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་གསར་ཤོས་དང་ཀྲུང་གོ་མི་དམངས་ཀྱི་རྣམ་པ་གསར་ཤོས་སྤེལ་གཏོང་ཡག་པོ་བྱས་ནས་འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་སྐད་སྒྲ་དེ་བས་མང་བ་གོ་ཐུབ་པ་དང་གསལ་པོ་གོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།