འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུས་ཀྱི་བྱམས་པ་བཀྲ་ཤིས།

     སྨི་ཁྲི་5ཡིས་ས་གཤིས་རྩད་ཞིབ་པ་སྦྱོང་བརྡར་བྱས་པ། (ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་སྤྱོད་བཟང་ཉམས་མཚར)

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུས་ཀྱི་བྱམས་པ་བཀྲ་ཤིས།
         མི་དམངས་དྲ་བའི་འཕྲིན། ལོ་ངོ་26གི་རིང་ལ། ཁོང་གིས་སྔ་ཕྱི་བར་གསུམ་དུ་གོང་རིམ་གྱིས་བཀོད་སྒྲིག་བྱས་པའི་ལས་འགན་ཆད་ལུས་མེད་པ་ལེགས་འགྲུབ་བྱས་པ་དང་། ལོ་ངོ་26གི་རིང་ལ། བྱང་ཐང་སྒང་ས་ནས་བོད་ལྗོངས་ཤར་རྒྱུད་ཀྱི་རི་གཟར་གྲོག་རོང་བར། ཁོང་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སུ་སྨི་5000ལྷག་ཡོད་པའི་ས་ཁུལ་དུ་རིམ་རྩིས་བྱས་ན་གསོར་འབིགས་གཏིང་ཚད་སྨི་ཁྲི་5ལྷག་བྱས་པ་རེད། ཁོང་ནི་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུས་ས་གཤིས་རུ་ཆེན་དྲུག་པའི་ལས་གཞི་རྩད་ཞིབ་པུའུ་ཡི་སྤྱི་གཉེར་གཞོན་པ་བྱམས་པ་བཀྲ་ཤིས་རེད།
         ཁོང་གི་གཟུགས་པོའི་རིང་ཚད་ལ་སྨི་1.8ཡོད་པ་དང་། ཁམས་པའི་ཕོ་རྒོད་ཀྱིས་འཛུམ་མདངས་ཀྱི་ཉམས་འགྱུར་དང་བཅས་ཏེ“མཐོ་སྒང་དུ་དཀའ་ཚེགས་ཆེ་ཡང་། ས་གཤིས་རྩད་ཞིབ་ཀྱི་ལས་གནས་ནས་མེས་རྒྱལ་ལ་ལས་དོན་སྒྲུབ་ཐུབ་པ་ནི་བདེ་སྐྱིད་ཧ་ཅང་ཆེ་ཞིང་སྤོབས་པ་བསྐྱེད་པ་ཞིག་རེད”ཅེས་བཤད་པ་རེད།
         1991ལོའི་ཟླ་བ་7པར་ལས་ཀར་ཞུགས་པ་ནས་བཟུང་། བྱམས་པ་བཀྲ་ཤིས་ནི་སྔ་གཞུག་ཏུ་གསོར་འབིགས་བཟོ་བ་དང་། གསོར་འབིགས་འཕྲུལ་འཁོར་ལས་སྒྲུབ་ཚོགས་ཆུང་གི་འགོ་འཛིན།  གསོར་འབིགས་འཕྲུལ་འཁོར་ལས་སྒྲུབ་འགོ་འཛིན་སོགས་ཀྱི་ལས་གནས་སུ་ལས་ཀ་བྱས་མྱོང་བ་རེད། བོད་ལྗོངས་སུ་ས་གཤིས་ལས་དོན་སྒྲུབ་པར་ས་བབ་མཐོ་ཞིང་གྲང་ངར་དང་དཀའ་ཚེགས་ཆེ་བ་མ་ཟད་ཉེན་ཁ་དང་ཡང་འགྲོགས་དགོས་པ་དང་། དུས་རྟག་པར་ཉིན་རེར་ཟ་མ་ཐེངས་གཅིག་ལས་མེད་པ་དང་། ས་བབ་མཐོ་ཞིང་གྲང་ལྷགས་ཆེ་བའི་ས་རྒྱུད་དང་ཁ་ཆར་བུ་ཡུག་ཁྲོད་དུ་གསོར་འབིགས་འཕྲུལ་འཁོར་བཀོལ་སྤྱོད་བསྟུད་མར་ཆུ་ཚོད་12བྱ་དགོས་ཀྱི་ཡོད་པ་དང་། སྒྲིག་ཆས་ཁྱེར་ནས་མི་མེད་ཐང་རྒོད་དུ་ལམ་ཁ་འབྱེད་བཞིན་མདུན་དུ་སྐྱོད་ཀྱི་ཡོད་པ་མ་ཟད། ལས་སྒྲུབ་ཁུལ་དུ་གྲང་ངར་ཆེ་བས་ཆུ་ཁུངས་ལ་འཁྱགས་པ་ཆགས་ནས་རྟག་ཏུ་བཏུང་ཆུ་ཡང་ཧ་ཅང་དཀོན་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་པ་རེད།
         བྱམས་པ་བཀྲ་ཤིས་ཀྱི་དྲན་ཤེས་སུ་2011ལོར་ནག་ཆུ་ས་ཁུལ་ཤན་རྩ་རྫོང་དུ་ཨར་ལས་ལས་གཞི་ཞིག་བསྒྲུབས་པའི་གནས་ཚུལ་བག་ཆགས་ཟབ་པོ་བཞག་ཡོད་པ་རེད། བྱམས་པ་བཀྲ་ཤིས་ཀྱིས་ཕྱིར་དྲན་བྱས་ཏེ“མཐོ་སྒང་དུ་ཨར་ལས་བྱེད་པའི་དུས་ཡུན་ཧ་ཅང་ཐུང་ཞིང་། ཟླ་བ་10པར་ཤར་བ་ཙམ་ཡིན་རུང་། ཨར་ལས་བྱེད་ཀྱིན་བྱེད་ཀྱིན་ཆུ་སྦུག་ནང་གི་ཆུ་ལ་འཁྱགས་པ་ཆགས་པས། ལས་ཡུན་འགན་སྲུང་ཏན་ཏིག་བྱ་ཆེད། དགོང་མོར་མེ་འཕྱུར་སྒྲོན་ཞུ་སྤྱད་ནས་དྲོད་གཏོང་དགོས་པ་དང་། ཉིན་མོའི་ཉིན་གུང་ཆུ་ཚོད་12ལ་ད་གཟོད་ཆུ་འཐེན་ཐུབ་ཀྱི་ཡོད།  དཀའ་ཚེགས་ཧ་ཅང་ཆེ་མོད། འོན་ཀྱང་ལས་གཞི་འདི་དག་ནི་རྒྱལ་ཁབ་ཀྱི་གཙོ་གནད་ཚན་རིག་ཞིབ་འཇུག་རྣམ་གྲངས་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་ཀྱི་བདེ་འཇགས་དང་འབྲེལ་བ་ཆེན་པོ་ཡོད་པ་ཡིན་པས། དཀའ་ཚེགས་ཇི་ལྟར་ཆེ་ཡང་བྱེད་རིན་ཡོད་པ་ཞིག་རེད”ཅེས་བརྗོད་པ་རེད།
    ༄༅།།བོད་ལྗོངས་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུས་ཀྱི་བྱམས་པ་བཀྲ་ཤིས།
      

    ཕྱོགས་བསྡུས་གསར་འགྱུར།