འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས་འགྲེམས་སྟོན་བྱས་ནས་བུད་མེད་
    དང་བྱིས་པའི་བྱ་གཞག་གི་ལོ་ལྔའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཕྱིར་དྲན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་17ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱ་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“འབད་འབུངས་ཡར་བརྩོན་ཏེ། ཀྲུང་གོའི་བུད་མེད་དང་བྱིས་པའི་བྱ་གཞག་གི་ལོ་ལྔའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན”དེ་ཚེས་15ཉིན་ཀྲུང་གོའི་བུད་མེད་དང་བྱིས་པའི་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་འགོ་ཚུགས་པ་རེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེང་གཡོད་གཡོད་བྱེད་སྒོར་ཕེབས་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ“ཚད་མཐོའི་མཐོང་ཆེན། བྱམས་བརྩེའི་ཐུགས་ཁུར”དང་། “བུད་མེད་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར” “བྱིས་པ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར” “བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་སེམས་ནུས་གཅིག་སྒྲིལ་གྱི་ལེའུ་གསར་པ”བཅས་ཁག་བཞི་ལ་ཕྱེ་ཡོད། སྣ་མང་ཕུན་སུམ་ཚོགས་པའི་བྱ་ཐབས་དང་སྔོན་ཐོན་གྱི་ཚན་རྩལ་བྱ་ཐབས་ལ་བརྟེན་ནས་ལོ་ལྔའི་རིང་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་ཡར་རྒྱས་དང་གྲུབ་འབྲས་གསར་པ་བྱུང་བ་དང་། དེ་བཞིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་དེའི་སྒྱུར་བཅོས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་ཏེ་རང་རྒྱལ་གྱི་བུད་མེད་དང་བྱིས་པ་ཁྲི་ཚོ་དུང་ཕྱུར་འཆམ་མཐུན་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་བ་དང་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་10ཚེས་15ཉིན་ནས་ཟླ་11ཚེས་15ཉིན་བར་བྱ་རྒྱུ་རེད།
           གཞན་ཡང་གནས་ཚུལ་འབྱོར་བར་གཞིགས་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“བུད་མེད་ཀྱི་སྐད་སྒྲ”ཞེས་པའི་དྲ་ཚུགས་ཀྱང་ཚེས་15ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད། “བུད་མེད་ཀྱི་སྐད་སྒྲ”ཞེས་པའི་དྲ་ཚུགས་ཤར་གཏོང་ཐུབ་པ་དང་བསྟུན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ“བུད་མེད་ཀྱི་སྐད་སྒྲ”ཞེས་པའི“དྲ་ཚིགས་གཅིག”དང་། “དུད་སྣེ་གཉིས” “སྐད་འཕྲིན་དང་དཔོད་ཆུང”བཅས་ཕན་ཚུན་སྦྲེལ་མཐུད་དང་མཉམ་འདྲེས་ནུས་ལྡན་ཐུབ་པའི་སྣ་མང་ཅན་གྱི་སྨྱན་སྦྱོར་གསར་པའི་རྣམ་པ་ཞིག་ཆགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།